ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

བོད་ནང་མཆིན་ནད་ཧེ་པཱ་ཊི་ཊི་སི་ཟེར་བ་ཡོད་མཁན་མང་བ་དང་སྔོན་འགོག་བྱེད་མཁན་ཉུང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མཆིན་ནད་ཧེ་པཱ་ཊི་ཊི་སིའི་རིགས་ཀྱི་ནང་ནས་ཧེ་པཱ་ཊི་ཊི་སི་བྷིས་སམ་ཁ་ཟེར་བ་དེ་ནི་བོད་ཕྱི་ནང་གི་བོད་མིའི་ཁྲོད་དུ་ཤུགས་ཆེན་པོ་ཡོད་པ་ཞིབ་མཇུག་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། སྨན་པ་ལྷ་མོ་ལགས་ཀྱིས་དེའི་འབྱུངས་ཁུངས་གཙོ་བོ་གཅིག་ནི་སྔོན་འགོག་སྨན་རྒྱག་མཁན་ཉུང་བ་དང་འཕྲོད་བསྟེན་གྱི་ཤེས་བྱའི་ཆུ་ཚད་དམའ་བའི་རྐྱེན་གྱིས་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་དེའི་སྐོར་ལ་སྨན་པ་ལྷ་མོ་ལགས་ལ་བཀའ་འདྲི་ཞུས་ནས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG