ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ན་གཞོན་ཞིག་གིས་༧གོང་ས་མཆོག་གི་དྲུང་ནས་ལམ་རིམ་ཆེ་མོ་གསུང་ཆོས་ཞུས་པའི་སྐོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཁེ་ནི་ཀྲི་ཀཌ་མངའ་སྡེའི་ནང་གནས་འཁོད་བོུ་འཆི་མེད་སྒྲོལ་དཀར་ལགས་ཀྱིས་ན་ནིང་༧གོང་ས་མཆོག་གི་དྲུང་ནས་ལམ་རིམ་ཆེན་མོའི་གསུང་ཆོས་ཞུ་བར་བཅར་ཡོད་པ་ལྟར་་ད་ལོའང་བཅར་ཡོད་པ་རེད། འཆི་མེད་ལགས་ཀྱིས་རང་ཉིད་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོདཔ་དང་ནང་ཆོས་ནི་བོད་པའི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་་ད་རེས་ཁོང་གིས་ལམ་རིམ་ཆེན་མོའི་གསུང་ཆོས་ཞུ་བའི་སྐབས་སུ་ ཧ་ཅང་དོ་སྣང་བྱས་ཏེ་ཉན་ཡོད་པ་དང་་དེ་བཞིན་དུས་ཚོད་སྟོང་པའི་སྐབས་སུ་དགོན་སྡེ་ཁག་ལ་ཆོས་རྭ་ལ་སྐོར་བ་བསགས་པ་དང་གྲྭ་གཞོན་མང་པོ་དང་ཐུག་འཕྲད་བྱས་ཏེ་ཅི་གྲོས་མོས་གྲོས་ཀྱི་བཀའ་མོལ་ཞུས་པ་སོགས་བྱས་ཏེ་ད་རེས་ཀྱི་དུས་སྐབས་དེ་ནི་སྐལ་པ་བཟང་ཞིང་གྲུབ་འབྲས་ལྡན་པ་ཞིག་བྱུང་ལ་ལོ་རྗེས་མའང་༧གོང་ས་མཆོག་གིས་ལམ་རིམ་གསུང་ཆོས་གང་དུ་གནང་ཀྱང་བཅར་རྒྱུ་ཡིན་ཞེས་གཟའ་འཁོར་འདིིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་བརྗོད་པ་ཞིག་གསན་གྱི་རེད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG