ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་ཁྲིམས་ཐག


རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་དཀོན་མཆོག་ལ་ལོ་ངོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་གཅོད་རྒྱུ་དང་། ཁོང་གི་ཚ་བོ་བློ་བཟང་ཚེ་རིང་ལ་ལོ་བཅུ་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ཉམས་ཞིབ་པ་ཚོས་རང་ལོ་༤༠་ཐམ་པར་སོན་པའི་ཀིརྟིའི་གྲྭ་བ་བློ་བཟང་དཀོན་མཆོག་གི་སྲོག་ཁྲིམས་ཚེ་བཙོན་ལ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ལོ་༢༠༡༢་ལོར་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ཀྱིས་ངན་སྐུལ་དང་བཙན་སྐུལ་བྱས་ནས་མི་༨་ལ་རང་ལུས་མེར་སྲེག་གཏོང་དུ་བཅུག་པ་དང་། བོད་པ་རང་སྲེག་པ་དེ་དག་གི་གྲས་ཀྱི་མི་༣་འདས་གྲོངས་སུ་གྱུར་ཀྱང་མི་གཞན་ལྔས་རང་མོས་ཀྱིས་སོ་སོ་མེར་སྲེག་གཏོང་རྒྱུ་མཚམས་འཇོག་བྱས་པའམ། ཡང་ན་གཞུང་གི་ཉེན་རྟོག་པས་འགོག་སྐྱོབ་བྱས་ནས་མི་དེ་ཚོས་མེར་སྲེག་གཏོང་མ་ཐུབ་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG