ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་འཛིན་གྱི་ཁྲི་འདོན་མཛད་སྒོའི་འགྲོ་གྲོན་སྒོར་ས་ཡ་མང་པོ་གནས་རྒྱུ་ཡིན་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ཡི་ཁྲི་འདོན་མཛད་སྒོ་ཐེངས་གཉིས་པ་དེ་ནི་ ད་རིང་གཟའ་ཟླ་བའི་ཉིན་ འདི་ག་རྒྱལ་ས་ཝ་ཤིང་ཀྲོན་གྱི་ནང་ གྲོས་ཚོགས་ཀྱི་ཚོགས་ཁང་གི་ཕྱི་ཕྱོགས་སུ་གནང་རྒྱུ་ཡིན་ཞིང་ རྒྱས་སྤྲོས་ཧ་ཅང་ཆེ་བའི་ཁྲི་འདོན་གྱི་མཛད་སྒོ་འདིའི་ཐོག་འགྲོ་གྲོན་ཡང་ཧ་ཅང་ཆེན་པོ་འགྲོ་གི་ཡོད་པ་དང་ ཚོད་དཔག་བྱས་ན་ཨ་སྒོར་ས་ཡ་མང་པོ་འགྲོ་རྒྱུའི་རྣམ་པ་ཡོད་ཀྱང་ དངུལ་འབོར་ངེས་གཏན་ག་ཚོད་འགྲོ་མིན་ནི་སྔོན་དཔག་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG