ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་འདས་གྲོངས།


བཙན་བྱོལ་བོད་གཞུང་གི་བཀའ་ཤག་སྐབས་༡༡་པའི་བཀའ་བློན་ཁྲི་ཟུར་བྲག་གཡབ་པ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལོ་ཤས་གོང་ནས་སྙུང་གཞི་བཞེས་ཏེ་སྨན་བཅོས་དང་རིམ་འགྲོ་སོགས་གང་གིས་ཀྱང་མ་ཕན་པར་ཕྱི་ཟླ་༡༢་ཚེས་༣༠་ཉིན་གྱི་ཐོ་རེངས་དེར་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་ཅིང་། བཀའ་བློན་ཁྲི་ཟུར་དམ་བསོད་ནམས་སྟོབས་དགུང་གྲངས་༧༧་ལ་ཕེབས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གིས་བཀའ་ཟུར་དམ་པ་དེའི་ལོ་རྒྱུས་སྙིང་བསྡུས་ཤིག་ཕྱོགས་སྒྲིག་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་དམ་པ་དེའི་མཛད་རྗེས་སྐོར་གནས་འདྲི་ཞུས་པ་བཅས་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་སྙན་སྒྲོན་ཞུས་ཞིག་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG