ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བརྙན་འཕྲིན་གྱི་ཡོ་བྱད་གཞུང་བཞེས།


རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོའི་རྒྱབ་ལོག་གི་གསང་བ་བརྟོལ་པས། ད་ལྟ་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་བྱས་ཡོད་ཅེས་བརྗོད་ཀྱིན་ཡོད་ཅིང་། དེ་རིང་མཚོ་སྔོན་གསར་འགྱུར་གྱི་དྲ་ཚིགས་སུ་མདོ་སྨད་རྨ་ལྷོ་ཁུལ་དང་མཚོ་ཤར་ས་ཁུལ་བཅས་ཀྱི་དགོན་པ་ཁག་ཏུ་ཕྱི་རྒྱལ་གྱི་བརྙན་འཕྲིན་རྒྱུད་ལམ་བཀག་འགོག་བྱས་ཡོད་པ་དང་། དེ་བཞིན་སློབ་མ་དང་ཡུལ་ཚོའི་མང་ཚོགས་ཁྲོད་དུ་ཏཱ་ལའི་གནད་དོན་ཐད་ནས་མང་ཚོགས་ལ་ལམ་སྟོན་དང་། མང་ཚོགས་ལ་གནོད་པའི་རྒྱལ་ཁབ་ཕྱི་ལོག་གི་བརྡ་འཕྲིན་བཀག་འགོག་བྱེད་ཞེས་བརྗོད་དོན་གཉིས་ཀྱི་ཐོག་ཏུ་ཡིག་ཆ་བཀྲམ་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG