ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་རིགས་ཤེས་ཡོན་ཅན་གྱི་བོད་མིའི་རང་སྲེག་ངོ་རྒོལ་ལ་དོ་སྣང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
དེ་རིང་གི་ལས་རིམ་དེའི་ནང་དུ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའིི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོགའཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་ལ་ཉེ་འཆར་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་དོ་སྣང་དང་དཔྱད་རྩོམ་བྲིས་ཡོད་པ་དེ་ཚོའི་ནང་དོན་དང་ཤུགས་རྐྱེན་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་རྒྱ་ནག་ཐད་ལ་ཉམས་ཞིབ་པ་དང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཕར་ཀུན་དགའ་བཀྲིས་ལགས་དང་།

འདི་ག་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུགས་ལགས་གཉིས་གདན་འདྲེན་ཞུས་ཡོད། ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG