ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མི་ཞིག་གར་སོང་ཆ་མེད།


ཕྱི་ལོ་༢༠༠༨་ཀྱི་ཟླ་བ་གསུམ་པའི་ཚེ་བཅུ་ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་ངོ་རྒོལ་བྱས་པར་བརྟེན། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པས་འབྲས་སྤུངས་དགོན་པའི་གྲྭ་བ་མང་པོ་ཞིག་འཛིན་བཟུང་བྱས་ཏེ་ཉེས་རྡུང་བཏང་ཞིང་། དགེ་འདུན་པ་འགའ་ཤས་འཛིན་བཟུང་བྱས་པ་དེ་དག་གི་གྲས་ཀྱི་གྲྭ་བ་ཁག་ཅིག་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཏེ་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མེད་པའི་སྐོར། ནམ་མཁའ་བསྟན་འཛིན་ལགས་ཀྱིས་སུད་ཛར་ལེན་དྲར་གནས་སྡོད་སྐུ་ཞབས་བསོད་ནམས་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG