ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བོད་པའི་གནས་བབ།


ལོ་ལྟར་ཕྱི་ཟླ་༡༢་པའི་ཚེས་༡༠་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་བྱེད་སྲོལ་ཡོད་ཅིང་། འདི་ནི་ཐོག་མར་༡༩༤༨་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཟླ་༡༢་ཚེས་༡༠་ཉིན་འགྲོ་བ་མིའི་ཐོབ་ཐང་དང་མིའི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་དོན་ཚན་༢༩་ཅན་ཞིག་འགྲེམ་སྤེལ་བྱས་པའི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ཏེ་འཛམ་གླིང་ཡུལ་གྲུ་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་འབྲེལ་བ་ཡོད་པའི་ལས་འགུལ་སྣ་མང་ཞིག་སྤེལ་སྲོལ་ཡོད་པ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སར་བོད་པའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་པ་ཚོས་ཀྱང་ཉིན་མོ་འདིར་དམིགས་བསལ་གྱི་ལས་འགུལ་སྤེལ་སྲོལ་ཡོད་པ་སྟེ། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉིན་མོ་འདིར་༡༩༨༨་ལོར་ལྷ་སར་དགེ་མདུན་པ་ཚོས་ལས་འགུལ་སྤེལ་པའི་དུས་དྲན་སྲུང་བརྩི་བྱས་ཡོད་མོད། ཡིན་ནའང་བོད་ནང་གི་བོད་པ་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་དེ་རང་ལུས་མེར་སྲེག་བཏང་ནས་མཚོན་ཐབས་བྱེད་ཀྱིན་ཡོད་པ་སོགས་ཀྱི་སྐོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་ཚེ་རིང་སྐྱིས་ཀྱིས་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG