ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨེ་ཇེབ་ཀྱི་རྩ་ཁྲིམས་གསར་པར་མི་དམངས་ངོ་རྒོལ།


ཨེ་ཇེབ་ཀྱི་སྲིད་འཛིན་མོ་ཧཱ་མ་ཌི་མོར་སི།
ཨེ་ཇེབ་ཀྱི་སྲིད་འཛིན་མོ་ཧཱ་མ་ཌི་མོར་སི།
ཨེ་ཇེབ་ཀྱི་སྲིད་འཛིན་མོ་ཧཱ་མ་ཌི་མོར་སི་ཡིས་ཨེ་ཇེབ་ཀྱི་རྩ་ཁྲིམས་གསར་པ་ ཟིན་བྲིས་བྱེད་པའི་ གནད་དོན་དེ་ལ་ཨེ་རྗེབ་ཀྱི་རྒྱལ་ས་ཁེ་རལ་དུ་མི་མང་གིས་ངོ་རྒོལ་བྱས་ནས་ཉིན་ དགུ་ཕྱིན་ཡོད་པ་ དང་། ད་ལྟ་ཨེ་ཇེབ་ཀྱི་རྒྱལ་ས་གཙོ་བོར་བྱས་པའི་རྒྱལ་ནང་གི་གྲོང་ཁྱེར་དང་གྲོང་ བརྡལ་མང་པོའི་ ནང་དུ་སྲིད་འཛིན་ལ་རྒྱབ་སྐྱོར་གྱི་ཁྲོམ་སྐོར་བྱེད་མཁན་འདུ་འཛོམས་ཆེན་པོ་ བྱུང་བཞིན་ཡོད་རེད།

སྲིད་འཛིན་མོར་ཟེ་ཡིས་བདུན་ཕྲག་གཉིས་ཀྱི་རྗེས་ སུ་རྩ་ཁྲིམས་ཀྱི་སྐོར་ལ་མང་མོས་འོས་བསྡུ་བྱ་རྒྱུ་ ཡིན་སྐོར་ཁ་སང་གཟའ་སྤེན་པའི་ཕྱི་དྲོ་གསལ་བསྒྲགས་གནང་ཡོད་པ་རེད།

སྲིད་ འཛིན་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་སྟོང་ཕྲག་མང་པོས་ཁཱེ་རོ་སློབ་གྲྭ་ཆེན་ མོའི་མདུན་དུ་ ཨེ་ཇེབ་ཀྱི་རྒྱལ་དར་འཕྱར་དེ་སྲིད་འཛིན་ལ་རྒྱབ་སྐྱོར་ཡོད་པའི་འབོད་ཚིག་ བསྒྲགས་ཤིང་ ཨེ་ཇེབ་ཀྱི་རྩ་ཁྲིམས་གསར་པ་གཏན་འབེབ་བྱེད་དགོས་པའི་དགོས་མདུན་འདོན་བཞིན་ ཡོད།

ཁ་ཆེ་སྤུན་ཟླ་ཚོགས་པ་དང་ལྟ་བ་འཁྲེགས་འཛིན་ཅན་གྱི་སཱ་ལཱ་ཧྥེ་སེ་ད་ནཱོ་ཚོགས་པ་གཉིས་ཀྱིས་ མང་ཚོགས་ཀྱི་འགོ་ཁྲིད་དེ་ ༼དམངས་ལ་དཀོན་མཆོག་གི་ཁྲིམས་དགོས་༽ཞེས་འབོད་ཚིག་ བསྒྲག་ཡོད་པ་དང་། སྲིད་འཛིན་མོ་ཧཱ་མ་ཌི་མོར་སི་ཡིས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་རྩ་ ཁྲིམས་གསར་པ་དེ་ཤེས་རི་ཡ་ ཁ་ཆེ་ཆོས་ལུགས་ཀྱི་ཁྲིམས་ལུགས་གཞིར་བཞག་ནས་གཏན་འབེབ་བྱེད་དགོས་པར་འདོད་པ་ ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

རྩ་ཁྲིམས་ཟིན་བྲིས་བཟོ་པའི་ཚོགས་ཆུང་ ནང་དུ་ཁ་ཆེའི་ལྟ་བ་ཤུགས་ཆེན་པོ་ཡོད་པས་རྒྱུ་མཚན་ལ་ བརྟེན་ནས་ལྟ་བ་གུ་ཡང་ཅན་དང་ཆོས་ལུགས་དབྱེ་འབྱེད་མེད་པའི་རྩ་ཁྲིམས་ཟིན་བྲིས་ གནང་མཁན་མི་སྣ་རྣམས་ཚོགས་ཆུང་དེ་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཚོགས་མི་ལྷག་མ་རྣམས་ཀྱིས་རྩ་ཁྲིམས་ ཟིན་བྲིས་བྱས་ནས་གཟའ་པ་སངས་ཉིན་སྲིད་འཛིན་ལ་འབུལ་ཐུབ་པའི་རེ་བ་བྱེད་བཞིན་ ཡོད་ཀྱང་།

ཨ་རབ་ཉམས་ཞིབ་པ་ཁག་ཞིག་གིས་དྲག་སྤྱོད་མང་དུ་འགྲོ་བའི་ སེམས་ཁྲལ་བྱེད་བཞིན་ཡོད་པ་དང་། ཁོང་རྣམས་ཀྱིས་ཨེ་ཇེབ་ཀྱི་ཆབ་སྲིད་འདི་ནི་འབྱེད་མི་ཐུབ་པའི་སྒོ་ལྕགས་ཞིག་ དང་འདྲ་བར་མདུན་ སྐྱོད་བྱ་ཐབས་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་།

ད་ལྟ་ཨེ་ཇེབ་ཀྱི་སྤྱི་ཚོགས་དེ་སྲིད་འཛིན་མོ་ཧཱ་མ་ཌི་མོར་སི་ཡིས་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕྱོགས་འགལ་གཉིས་སུ་ཁ་ཁ་འགྲོ་བཞིན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG