ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དེ་རིང་གཟའ་ཟླ་བའི་ཉིན་བོད་པ་གཉིས་ཀྱིས་རང་སྲེག་ངོ་རྒོལ།


དཀོན་མཆོག་ཚེ་རིང་།
དཀོན་མཆོག་ཚེ་རིང་།
དེ་རིང་ཕྱི་ཟླ་༡༡་ཚེས་༢༦་ཉིན་བོད་ནང་ལོགས་སུ་བསྐྱར་དུ་བོད་པ་ན་གཞོན་གཉིས་ཀྱིས་ས་གནས་མི་འདྲ་བ་གཉིས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་ཅིང་། དེ་ཡང་རང་སྲེག་ངོ་རྒོལ་བྱུང་ས་གཅིག་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྗོང་ཐོག་ཏུ་རང་ལོ་༢༠་ལ་སོན་པའི་དབང་རྒྱལ་ཞེས་པ་ཞིག་གིས་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢་ཡས་མས་སུ་གསེར་རྟའི་མདུན་ཐང་དུ་རང་ལུས་མེར་སྲེག་བཏང་འདུག་པ་མ་ཟད། ཁོང་གིས་རང་ཉིད་མེར་སྲེག་བཏང་མ་ཐག་ཏུ་རྒྱ་གཞུང་གི་ཉེན་རྡོག་པས་བཙན་འཁྱེར་བྱས་འདུག་པས་ད་ལྟ་ཁོང་གི་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཡང་དེ་རིང་ཕྱི་དྲོར་བོད་ཀྱི་མོད་སྨད་ས་ཁུལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་ཨ་མཆོག་གི་ན་གཞོན་རང་ལོ་༡༨་ལ་སོན་པ་དཀོན་མཆོག་ཚེ་རིང་ཞེས་པ་ཞིག་གིས་ཀྱང་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒལ་བྱས་ཏེ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG