ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་སང་ཉིན་ཚེས་༢༣་ཉིན་ནས་བཟུང་ཉིན་༢༠ལྷག་གི་རིང་རྒྱ་གར་གྱི་ཀཱེ་རེ་ལཱ་མངའ་སྡེ་དང་གྲོང་ཁྱེར་མུམ་བྷེ། བྷེན་ལོར་ལ་སོགས་པར་ཆིབས་བསྒྱུར་མཛད་དེ་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཚོར་མཇལ་འཕྲད་དང་། ཡང་གཙུག་ལག་སློབ་གྲྭ་སོགས་སུ་ཆིབས་བསྒྱུར་གྱིས་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་གནང་རྒྱུ་ཡིན་པ་རེད། དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མཱོ་ཀོ་ཌི་བོད་མིའི་གཞིས་ཆགས་སུ་གདན་ས་ཁག་ཏུ་གསུང་ཆོས་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པ་བཅས་སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་རྒྱས་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་མཉམ་དུ་བཀའ་མོལ་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG