ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མ་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འོག་མ་མཱ་རི་ཡ་ཨོ་ཐེ་རོ་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཏེ། བལ་ཡུལ་གྱི་སྲིད་བློན་བྷ་ཏ་ར་ཡེ་དང་ཕྱི་སྲིད་བློན་ཆེན་སོགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མར་ཐུག་འཕྲད་བྱས་པ་དང་། ཁོང་ཚོས་བལ་ཡུལ་གྱི་ས་ཐོག་ཏུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་དང་འབྲུག་ཡུལ་ནས་ཕྱིར་ཕུད་བཏང་བའི་སྐྱབས་བཅོལ་བའི་གནད་དོན་ལ་གྲོས་མོལ་བྱས་ཏེ། བལ་ཡུལ་གཞུང་གིས་རང་གི་ས་ཐོག་ཏུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོར་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བ་ཁག་ཅིག་ས་མཚམས་ནས་འཛིན་བཟུང་བྱས་ཏེ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་རྩི་སྤྲོད་བྱེད་ཀྱི་ཡོད་པ་སོགས་ལ་ཨ་རིའི་གཞུང་གིས་བློ་ཚབས་ཡོད་ཅེས་བཀའ་མོལ་གནང་རུང་། བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ཤཱི་རཱེ་སི་ཐཱ་ཡིས་ང་ཚོས་བོད་པ་ཚོར་སྐྱབས་བཅོལ་བ་ཚོར་བཙན་བྱོལ་བའི་ཐོབ་ཐང་སྤྲད་ཡོད། དེར་བརྟེན་བོད་པ་སྐྱབས་བཅོལ་བ་ཚོས་བལ་ཡུལ་གྱི་ས་ཐོག་ཏུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་ཆོག་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མར་ལན་འདེབས་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG