ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་མཆོག་ཏུ་ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག


བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་བའི་བོད་མི་ཚེ་རིང་དོན་གྲུབ་ཀྱིས་ཨ་མཆོག་རྒྱ་གར་ཐང་དུ་གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་གཏེར་ཁ་བསྔོགས་འདོན་གྱི་སྲིས་ཇུས་ལ་ངོ་རྒོལ་བྱས་ཏེ་གྲོངས་འདུག

དེ་རིང་སྤྱི་ཟླ་བཅུ་གཅིག་གི་ཚེས་༢༠ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་གཏེར་ཁ་བསྔོགས་འདོན་ལ་ངོ་རྒོལ་བྱེད་མཁན་ཁོང་ནི་རང་ལོ་༣༥ཡིན་པའི་ཨ་མཆོག་ཁྱི་ངན་སྡེ་བའི་ཚེ་རིང་དོན་གྲུབ་ཡིན་པ་དང་། ཁོང་དང་བཟའ་ཟླ་རྟ་མགྲིན་འཚོ་གཉིས་ལ་རང་ལོ་ ༡༦ ཡིན་པའི་བུ་མོ་ལྷ་མོ་སྐྱིད་དང་། རང་ལོ་༡༥ཡིན་པའི་ལྷ་ཕྲུག རང་ལོ་༨ལ་སོན་པའི་ལྷ་མོ་སྐྱབས་བཅས་བྱིས་པ་གསུམ་ཡོད་འདུག ཚེ་རིང་དོན་གྲུབ་ཀྱི་ཨ་ཕའི་མཚན་ནི་ཀླུ་འབུམ་རྒྱལ། དགུང་ལོ་ ༦༡ དང་། མ་འབྲུག་མོ་མཚོ། དགུང་ལོ་ ༥༧ ཡིན་འདུག སྡེ་མི་ཚོས་བརྗོད་ན་ཚེ་རིང་དོན་གྲུབ་ནི་ཨ་མཆོག་ཚོ་བརྒྱད་ཀྱི་བླ་རི་གུང་སྔོན་གྱི་རི་རྒྱུད་དུ་ནང་རུལ་བ་དང་རྒྱ་ནག་གི་མི་ཆེན་ཚོ་མཉམ་འབྲེལ་གྱིས་གཏེར་ཁ་བསྔོགས་འདོན་གྱིས་བླ་རི་སྟོང་བ་བཟོས་པར་མ་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་མཁན་ཞིག་ཡིན་འདུག་ལ་ཡང་རྒྱུན་ཏུ་ནས་གཤིས་རྒྱུད་དྲང་བའི་ཡ་རབས་ཀྱི་མི་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱིན་འདུག

ཨ་མཆོག་ཚོ་བ་བརྒྱད་ཀྱི་བླ་རི་གུང་སྔོན་གཙོས་པའི་གཏེར་ཁ་བསྔོགས་འདོན་དང་གནམ་ཐང་གསར་རྒྱག་གི་དོན་རྐྱེན་དེར་སྡེ་བ་ཁག་ཅིག་གིས་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་ཀྱང་ནང་རུལ་བ་དང་རྒྱ་ནག་གཞུང་མཉམ་འབྲེལ་གྱིས་སྡེ་བ་ཁག་ཅིག་ལ་མ་དངུལ་སྤྲད་པ་དང་སྡེ་བ་ཁག་ཅིག་ལ་མ་དངུལ་མ་སྤྲད་པར། ཨ་མཆོག་ཚོ་བ་བརྒྱད་ནང་ཁུལ་གྱི་ཆིག་སྒྲིལ་གཏོར་བ་དང་། ཡང་ཨ་མཆོག་གི་བོད་མི་ཁག་ཅིག་གིས་གཏེར་ཁ་བསྔོགས་འདོན་གྱི་ཅ་ལག་བརྐུས་སོང་བའི་ནག་ཉེས་འོག་འབྲེལ་ཡོད་ཉེན་རྟོག་པ་དང་དམག་མིས་སྡེ་བའི་ནང་དུ་འཇབ་རྒོལ་གྱིས་མེ་མདའ་བརྒྱབ་ཏེ་བོད་མི་ཞིག་དམར་གསོད་བཏང་བའི་དོན་རྐྱེན་ཡང་བྱུང་བ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཐེངས་འདིར་ཚེ་རིང་དོན་གྲུབ་ལགས་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་བསྔོགས་འདོན་བྱེད་ས་རུ་སོང་ནས། རྒྱ་ནག་གཞུང་གིས་སྔ་ཕྱི་རུ་གཏེར་ཁ་བསྔོགས་འདོན་བྱས་ཏེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་མི་མང་གི་སེམས་ནང་དུ་རྨ་ཁ་ཆེན་པོ་བཟོས་ཡོད་པ་དེའི་ཆེད་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

ད་ལྟའི་ཆར་ཨ་མཆོག་དགོན་པ་དང་སེར་སྐྱ་མང་ཚོགས་ཀྱིས་སྐུ་ཕུང་ཁྱི་ངན་སྡེ་བར་གདན་འདྲེན་གྱིས་སྨོན་ལམ་གསུང་བཞིན་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས ༢༦ ཉིན་ཨ་མཆོག་ནས་བོད་མི་ལྷ་མོ་ཚེ་བརྟན་ལཊ་ཀྱིས་ཨ་མཆོག་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་ལས། དེ་དུས་ནས་ཨ་མཆོག་ཏུ་དམག་མི་དང་ཉེན་རྟོག་པ་མང་པོ་བཏང་ཡོད་པས་ས་གནས་དེར་སྔར་ལས་ཀྱང་དྲག་གནོན་བྱ་ངེས་པར་འབྲེལ་ཡོད་མི་སྣ་ཚོས་བློ་འཚབ་བྱེད་བཞིན་ཡོད།
XS
SM
MD
LG