ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྲིད་འཛིན་ཨོ་བྷ་མ་ཡིས་བྷར་མ་ནང་གི་བཅོས་འགྱུར་ལ་སྔགས་བརྗོད་གནང་འདུག


གཟའ་ཟླ་བའི་ཉིན་སྲིད་འཛིན་ཨོ་བྷ་མ་བྷར་མའི་ནང་ཆེད་ཕེབས་གནང་སྟེ་བྷར་མའི་གྲོང་ཁྱེར་རན་གུན་གྱི་གཙུག་ལག་སློབ་གཉེར་ཁང་ནང་གལ་ཆེའི་གཏམ་བཤད་གནང་བའི་ནང་བྷར་མས་ཆབ་སྲིད་དང་སྤྱི་ཚོགས་ལ་འགྱུར་བཅོས་གང་ལ་གང་ཙམ་ཞིག་བཏང་བར་བསྔགས་བརྗོད་གནང་སྟེ་ཡུལ་དེའི་བྱེད་ལུགས་ནི་འཛམ་གླིང་གི་མིག་དཔེར་ལྟ་འོས་པ་ཞིག་ཡིན་པ་དང་འོན་ཀྱང་ད་དུང་ཡང་ཆབ་སྲིད་ཀྱི་བཙོན་པ་གློད་བཀྲོལ་གཏོང་དགོས་པ་དང་ཡག་དང་མི་མང་ལ་གཏམ་བརྗོད་རང་དབང་དང་ ཆོས་དད་རང་དབང། མི་རིགས་ཕན་ཚུན་མཐུན་བསྒྲིལ་དང་ཆེས་མཐོང་བྱེད་གལ་ཆེ་ལ་ དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་དམ་དྲག་མཚམས་འཇོག་བཅས་ལས་དོན་བྱེད་རྒྱུ་མང་པོ་ཞིག་ལྷག་ཡོད་ལུགས་འགྲེལ་བརྗོད་གནང་གཞག
XS
SM
MD
LG