ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་སམ་གྱི་དཀའ་རྙོག་གིས་རྒྱ་གར་རྒྱལ་ཡོངས་ལ་ཉེན་ཁ་བཟོས་པ།


ཉེ་ལམ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་གྱི་ནང་ས་གནས་ཡུལ་བདག་མི་རིགས་དང་ ཕྱི་ནས་ཡོང་བའི་ཁ ཆེ་ཆོས་དད་པ་ཚོའི་དབར་ཟིང་འཁྲུག་བྱུང་སྟེ་སྡོད་གནས་མེད་པར་གྱུར་བའི་སྐྱབས་བཅོལ་བ་མི་གྲངས་འབུམ་གསུམ་ལྷག་ཙམ་ཞིག་དེ་ཁུལ་གྱི་སྐྱབས་བཅོལ་སྡོད་སྒར་ཁག་གི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད་ཨ་སམ་མངའ་སྡེའི་ནང་གནས་པའི་ཕྱི་མི་ཁག་ཅིག་དེ་ཁུལ་དུ་སྡོད་བློས་མ་བཟོད་པར་རྒྱ་གར་གྱི་གྲོང་ཁྱེར་གཞན་ཁག་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་ དེ་བཞིན་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་མི་རིགས་ལྷོ་ཕྱོགས་ས་ཁུལ་དུ་ལས་ཀ་དང་ སློབ་སྦྱོང་བྱེད་མཁན་ཚོའི་སྲོག་ལ་ཉེན་ཁ་ཡོད་ལུགས་ཀྱི་དཀྲོག་གཏམ་བྱུང་སྟེ་་མི་མང་པོ་ཞིག་རང་ཁྱིམ་ལ་ཕྱིར་ལོག་བྱས་ཡོད་པ་དེ་དག་་ད་ཆ་ས་གནས་སོ་སོར་ཕྱིར་ལོག་བྱེད་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG