ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨབ་གྷ་ཎི་སི་ཐན་ལ་དྲག་སྤྱོད་པས་གཏོར་རྒོལ།


ཁ་ཆེའི་སྨྱུང་གནས་ཟླ་བ་མཇུག་བསྒྲིལ་པའི་དགའ་སྟོན་ལ་གྲ་སྒྲིག་བྱེད་པའི་དུས་སྐབས་འདིར་ཨབ་གྷ་ཎི་སི་ཐན་རྒྱལ་ཡོངས་སུ་ཏ་ལི་བན་གྱེན་ལོག་ཤོག་ཁག་དང་། ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱས་ཏེ། ཕྱི་ཟླ་༨་ཚེས་༡༥་ཉུང་མཐའ་ཡང་མི་༥༠་ལྷག་ལ་སྲོག་སྐྱོན་ཕོག་ཡོད་པ་དང་། དཔེར་ན་ཨབ་གྷ་ཎི་སི་ཐན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ནིམ་རོ་ཟི་ཞིང་ཆེན་གྱི་རྒྱལ་སར་རང་སྲོག་བློས་གཏོང་བ་གསུམ་གྱིས་མི་༣༦་བསད་པ་མ་ཟད། ཆུ་ཚོད་འགའ་ཞིག་གི་རྗེས་སུ་ཨབ་གྷ་ཎི་སི་ཐན་གྱི་བྱང་ཕྱོགས་སུ་ཡོད་པའི་ཁུ་ཏུ་ཟི་ཞིང་ཆེན་ནང་དུའང་མི་ཞིག་གིས་ལྕགས་རྟའི་ཐོག་ཏུ་འབར་མདེལ་བཏགས་ཏེ། མི་དེས་འཚང་ཀ་ཆེ་བའི་ཚོང་ར་ཞིག་ཏུ་འབར་མདེལ་བཀད་ནས་མི་༡༠་ཡས་མས་ཤིག་བསད་པ་དང་། ཡང་ཨབ་གྷ་ཎི་སི་ཐན་གྱི་བྱང་ཤར་ས་ཁུལ་ཞིག་གི་རྫོང་དཔོན་དང་སྐུ་སྲུང་བ་བཞི་ལ་དྲག་སྤྱོད་པ་ཚོས་འཇབ་སྒུག་བྱས་ནས་བསད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG