རླུང་འཕྲིན། / གཞོན་སྐྱེས་དང་ཤེས་ཡོན།

གཞོན་སྐྱེས་དང་ཤེས་ཡོན། གཞོན་སྐྱེས་རྣམས་ལ་དམིགས་པའི་ལེ་ཚན་འདིའི་ནང་གཙོ་བོ་གཞོན་སྐྱེས་རྣམས་ཀྱི་ ཆེད་དུ་གཞོན་སྐྱེས་རང་ངོས་ནས་ཤེས་ཡོན་སློབ་གསོ་དང་ཆབ་སྲིད་ མང་གཙོ་དང་རིག་གཞུང་ རྩེད་སྣ་དང་ལས་རིགས་སོགས་གཞོན་སྐྱེས་དང་འབྲེལ་ཡོད་གནད་དོན་སྣ་དམང་ཐོག་བགྲོ་ གླེང་བྱེད་ཀྱི་ཡོད།

  • རྒྱང་སྲིང་དུས་ཚོད། Thursdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 1400
  • ལེ་ཚན་རིང་ཐུང་། 20
  • གསན་ན། MP༣


གཟའ་པ་སངས། 2013/04/19

དངུལ་ཁང་གི་འགན་འཛིན་ལས་རོགས་གནང་མུས་ཐ

གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བོད་མི་གཞོན་ཞིག་གིས་དེང་སང་ཨ་རིའི་བྱང་ཁེ་ལེ་ཕི་ནི་ཡ་ནང་གི་དངུལ་ཁང་ཞིག་གི་འགན་འཛིན་ལས་རོགས་ཀྱི་གོ་གནས་འཛིན་ཏེ་དངུལ་ཁང་གི་འཛིན་སྐྱོང་ལས་དོན་གནང་མུས་ཐོག་རང་ཉིད་ལས་དོན་བྱ་ཡུལ་དངུལ་ཁང་གི་ནང་རང་རིགས་བོད་མི་དྲུག་ལྷག་ཙམ་ལ་ལས་ཀ་འཚོལ་ཐོབ་ཀྱི་རོགས་རམ་གནང་འདུག་པ་མ་ཟད་ཁོང་གིས་སྣེ་ཁྲིད་འདས་པའི་མི་ལོ་བཅུ་ཙམ་གྱི་རིང་སེམས་ཤུགས་སྤུན་ཟླ་ཞེས་བོད་ཀྱི་རོལ་དབྱངས་ཚོགས་པ་ཞིག་བཙུགས་ཏེ་བོད་པའི་དུས་ཆེན་སོགས་ལ་རིན་མེད་འཁྲབ་སྟོན་བྱེད་ཀྱི་ཡོད་པའི་ལོ་རྒྱུས་དེ་གསན་རོགས་གནང།


གཟའ་ཕུར་བུ། 2013/04/11

ཌལ་ཧོར་གཏན་སློབ་དབུ་བརྙེས་ཏེ་ལོ་༥༠འཁོར་བའི་དུས་དྲན་སྲུང་བརྩིའི་གྲ་སྒྲིག

བཙན་བྱོལ་བོད་པའི་གཏན་འཇགས་སློབ་གྲ་རྙིང་ཤོས་གྲས་ཡིན་པ་ཌལ་ཧོར་གཏན་སློབ་དབུ་བརྙེས་ཏེ་ད་ཆ་མི་ལོ་༥༠ཧྲིལ་པོར་འཁོར་གྱི་ཡོད་པ་ལྟར་ འདི་ཟླའི་ཚེས་༢༨ ནས་༣༠་བར་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་ལས་རིམ་ནང་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་ཡིན་པའི་ཐོག་ལས་བྱེད་དང་སློབ་ཕྲུག་ཟུར་པ་ཧ་ཅང་མང་པོ་ཞིག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག། དུས་དྲན་གྱི་མཛད་འཆར་ཁག་གི་ཐད་འབྲེལ་ཡོད་སློབ་ཟུར་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་འདི་གའི་རླུང་འཕྲིན་གྱི་གཟའ་འཁརོ་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་འགྲེལ་བརྗོད་གནང་བ་ཁག་གསན་གྱི་རེད།


གཟའ་པ་སངས། 2013/04/05

སློབ་སྦྱོང་མཐའ་འཁྱོལ་པ་ཚོར་གོ་སྐབས་ཐེངས་གཉིས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་བོད་ཀྱི་ལམ་སྟོན་ལྟེ་གནས་ཁང་གིས་བོད་པ་གཞོན་སྐྱེས་རང་ལོ་༡༧་ནས་༢༤་བར་གྱི་གཞི་རིམ་སློབ་སྦྱོང་མཐའ་མ་འཁྱོལ་པར་སྤྱི་ཚོགས་སུ་འཁྱམ་མྱུལ་བྱེད་བཞིན་པ་མི་གྲངས་༧༠་ཙམ་ལ་ལོ་གཅིག་གི་རིང་དུ་སོ་སོའི་ཤེས་ཚད་དང་འཇོན་ཐང་། གདེང་ཚོད་བཅས་པ་ཡར་རྒྱས་གཏོང་ཕྱོགས་དང་། དེ་བཞིན་རང་གི་ཤེས་འཇོན་ལ་འཚམས་པའི་ལས་རིགས་སློབ་སྦྱོང་ཞིག་སྤྲོད་རྒྱུ་ཡིན་པ་མ་ཟད། བོད་ཕྲུག་ན་གཞོན་དེ་ཚོར་ལས་རིགས་འཚོལ་རོགས་ཀྱང་བྱ་འཆར་ཡོད་པའི་སྐོར། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་འབྲེལ་ཡོད་མི་སྣ་ཚོར་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང་།


གཟའ་ཕུར་བུ། 2013/03/28

རྒྱལ་སྤྱིའི་ཚན་རིག་ཡིག་སྒྱུར་བགྲོ་གླེང་ཚོགས་ཐེངས་ལྔ་པ་བསྐྱངས་པ།

ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་ཅེས་བོད་ཀྱི་གནད་དོན་གང་ཅིའི་ཐད་འགྲེམ་སྟོན་དང་གཏམ་བཤད་བྱེད་བའི་ལས་རིམ་ཞིག་གནང་བཞིན་པ་དང་དུས་མཚུངས་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་དེ་ཡང་གནང་བཞིན་ཡོད་པ་རེད། འདིའི་ཐད་ཚོགས་འདུ་གོ་སྒྲིག་བ་བརྩོན་འགྲུས་བསམ་འཕེལ་ལགས་དང་ཚོགས་འདུ་དེར་ཆེད་ཕེབས་གནང་བ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་ཀྱིས་གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གཏམ་བཤད་གནང་བ་ཁག་གསན་གྱི་རེད།


གཟའ་ཕུར་བུ། 2013/03/21

བོད་མི་གཞོན་སྐྱེས་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་བསྐུལ་བྱས་པ།

ཕྱི་ཟླ་གསུམ་པ་འདིའི་ཚེས་༡༨དང་༡༩སོ་སོའི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་བོད་དོན་ཞུ་བསྐུལ་གྱི་ལས་འགུལ་སྤེལ་བའི་སྐབས་སུ་ཨ་རིའི་ནང་གནས་འཁོད་བོད་མིི་བརྒྱ་ལྷག་གིས་གྲོས་ཚོགས་གོང་འོག་གི་ལས་ཁུངས་ཁག་ཏུ་ཆེད་བསྐྱོད་བྱས་ཏེ་གྲོས་ཚོགས་འཐུས་མི་རྣམས་དང་དེ་བཞིན་ཁོང་རྣམ་པའི་ལས་བྱེད་དང་ཐུག་འཕྲད་བྱས་ནས་བོད་དོན་ཐོག་འགྲེལ་བཤད་དང་ཞུ་བསྐུལ་བྱས་ཡོད་པ་རེད། ལས་འགུལ་དེའི་ནང་ཞུགས་མཁན་མངའ་སྡེ་མི་འདྲ་བ་གསུམ་ནས་ཡིན་པའི་བོད་མི་ན་གཞོན་གསུམ་གྱིས་སོ་སོའི་མྱོང་ཚོར་འདི་གའི་རླུང་འཕྲིན་གྱི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་འགྲེལ་བརྗོད་བྱས་པ་ཁག་གསན་གྱི་རེད།


གཟའ་ཕུར་བུ། 2013/03/14

བོད་ཀྱི་བེུད་ལྷན་ཚོགས་ཀྱི་བོད་མིའི་སྐྱིད

ཕྱི་ལོ་༡༩༥༩་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན་བོད་ཀྱིས་རྒྱལ་ས་ལྷ་སར་བོད་ཀྱི་བེུད་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་༥༤ཧྲིལ་པོ་འཁོར་བར་ འདི་ཟླའི་ཚེས་༡༢ ནས་༡༤་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་དུས་དྲན་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་སྟེ་ བེུད་ལྷན་ཚོགས་ཀྱི་ས་གནས་༣༠ལྷག་གི་བེུད་འགོ་ཁྲིད་ཁག་མཉམ་འཛོམས་གནང་སྟེ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་ལས་འགུལ་སྤེལ་བའི་སྐོར་འདི་གའི་རླུང་འཕྲིན་གྱི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བུད་མེད་ལྷན་ཚོགས་ཀྱིས་ཚོགས་པའི་ཚོགས་གཙོ་དང་ས་གནས་འཐུས་མི་གཅིག་བཅས་པས་གཏམ་བཤད་གནང་བ་དེ་གསན་གྱི་རེད།


གཟའ་ཕུར་བུ། 2013/03/07

སྙིང་ནད་ཅན་ལ་ལུས་རྩལ་སྦྱོང་བརྟར་སྤྲོད་ཕྱོགས་སྐོར།

གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ཡུ་རོབ་རྒྱལ་ཁབ་ཨ་ཡ་ལནཌ་ནང་གནས་འཁོད་བོད་མི་འཕྲིན་ལས་དཔལ་ལྡན་ལགས་ཀྱིས་རང་ཉིད་ཀྱི་འཚོ་རྟེན་ལས་རིགས་དང་འབྲེལ་བའི་གཏམ་བཤད་བྱས་པའི་ནང་སྙིང་ནད་ཕོག་པ་རྣམས་ལ་བཅོས་ཐབས་དང་དེ་བཞིན་སྙིང་གི་ནད་གཞི་མ་འཕོག་པའི་མི་རྣམས་ཀྱིས་སྙིང་གི་ནད་གཞི་སྔོན་འགོག་བྱ་རྒྱུ་བཅས་ཀྱི་ཆེད་བཅས་པར་ལུས་རྩལ་འདྲ་མིན་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་དང་དེ་ཚོའི་གྲལ་ནས་རང་རིགས་ཀྱིས་རྐྱང་ཕྱག་འཚལ་ཡག་དེ་ནི་ལུས་སྩལ་མཆོག་ཏུ་གྱུར་པ་ཞིག་ཆགས་ཡོད་ཅེས་སོགས་བརྗོད་འདུག


གཟའ་ཕུར་བུ། 2013/02/28

ཆོ་འཕྲུལ་ཟླ་བའི་གལ་གནད་དང་སྲུང་བརྩི།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མུ་སྟརགས་ཀྱི་སྟན་པ་ཁག་འཕྲུལ་དུ་མའི་ཐོག་ནས་བཏུལ་གནང་མཛད་པའི་སྟོན་པའི་མཛད་པ་རྣམ་ཐར་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་བོད་ཟླ་དང་པོར་ཆོ་འཕྲུལ་ཟླ་བ་ཞེས་ཐ་སྙད་ཐོབ་ཕྱོགས་དང་ཆོ་འཕྲུལ་ཟླ་བ་སྲུང་བརྩི་ཞུ་སྟངས་བཅས་པའི་ཐོག་དགའ་ལྡན་ཤར་རྩེ་གྲ་ཚང་གི་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་འདི་གའི་རླུང་འཕྲིན་གྱི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལེ་ཚན་ཐོག་བཀའ་མོལ་གནང་བ་དེ་གསན་གྱི་རེད།


གཟའ་ཕུར་བུ། 2013/02/21

རྒྱལ་ཚོགས་ཀྱི་ཚོགས་དུས་དང་བསྟུན་ཏེ་བོད་མིས་འགྲོ་བ་མི་ཐོབ་ཐང་དང་མང་གཙོ་རང་དབང་སྐོར་གླེང་རྒྱུ

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་སྟབས་བསྟུན་ནས་བོད་མི་ཐེ་བའི་རྒྱལ་སྤྱིས་ངོས་འཛིན་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་བྱུང་བའི་ཐོག་ནས་འབྲེལ་ཡོད་ཡུལ་ལུང་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ།་རང་དབང་བཅས་པའི་དཀའ་རྙོག་ཁག་ལ་གདོང་ལེན་བྱེད་ཕྱོགས་ཐད་ཉིན་གྲངས་གསུམ་གྱི་གོ་བསྡུར་ཚོགས་ཆེན་ཞིག་ཟླ་བ་རྗེས་མའི་ཚེས་༡༡ ནས་༡༣་བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་གྲོང་ཁྱེར་འཇི་ནི་ཝ་ནང་འཚོག་གཏན་འཁེལ་ཡོད་པ་རེད། འདིའི་ཐོག་ཚོགས་པ་དེའི་ཚོགས་གཙོ་ངག་དབང་ཆོས་འཕེལ་ལགས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གཏམ་བཤད་གནང་བ་དེ་གསན་གྱི་རེད།


གཟའ་ཕུར་བུ། 2013/02/14

སཱ་རམཐོ་སློབ་ནང་སློབ་སྦྱོང་བྱེད་བའི་མྱོང་ཚོར།

བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁྲིས་སུ་རྟེན་གཞི་བྱས་པའི་སཱ་ར་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དེ་ནི་བོད་མིར་དགོས་ངེས་ཅན་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ་ཐེ་བའི་རིག་གནས་ཁག་ལ་སློབ་གཉེར་བྱེད་ས་ལྟེ་བ་ཞིག་ཏུ་གྱུར་སྟེ་དེར་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཐོབ་མཁན་ཚོས་ཧ་ཅང་གདེང་སྤོབ་བྱེད་ཀྱི་ཡོད་པ་རེད། འདིའི་ཐད་སློབ་གཉེར་བ་ཕུན་ཚོགས་ལགས་དང་སློབ་ཟུར་བཀྲིས་དཔལ་སྒྲོན་ལགས་གཉིས་ལ་དེ་སྔ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་པ་སངས། 2013/02/08

ནོར་ཝེའི་སློབ་གྲ་ཁག་ཏུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གློག་བརྙན་གཟིགས་འབུལ།།

ཡུ་རོབ་རྒྱལ་ཁབ་ནོར་ཝེའི་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་གློག་བརྙན་མང་དག་ཅིག་སྟོན་བཞིན་ཡོད་པ་མ་ཟད། བོད་དོན་གྱི་གློག་བརྙན་གྲགས་ཅན་གསུམ་ཡང་བསྟན་ཏེ་བོད་དོན་ལ་བགྲོ་གླེང་དང་དྲི་བ་དྲི་ལན་སོགས་བྱེད་ཀྱི་ཡོད་པ་རེད།


གཟའ་ཕུར་བུ། 2013/01/31

གཞོན་སྐྱེས་ཕོན་ཆེས་བོད་མིའི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་ཞུགས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཕྱི་ལོ་༢༠༡༣ གི་ཕྱི་ཟླ་དང་པོའི་ཆེས་༣༠ ནས་ཕྱི་ཟླ་གཉིས་པའི་ཚེས་༢་བར་ཉིན་གྲངས་བཞིའི་རིང་བོད་མིའི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་རྒྱ་གར་གྱི་ས་གནས་གང་ས་ནས་བོད་མི་གཞོན་སྐྱེས་མང་པོ་ཞིགིས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག ལས་འགུལ་དེའི་ནང་ཞུགས་མཁན་གཞོན་སྐྱེས་ཚོར་ཧ་ཅང་བོད་དོན་ཐོག་སེམས་ཚོར་ཆེན་པོ་ཡོད་པའི་ཁར་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་ཞེས་བརྗོད་འདུག དེའི་ཐོག་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་མཁན་བོད་པའི་གཞོན་སྐྱེས་གཉིས་ཀྱིས་གཟའ་འཁོར་འདིའི་འདི་གའི་རླུང་འཕྲིན་གྱི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གཏམ་བཤད་གནང་པ་ཞིག་གསན་གྱི་རེད།


གཟའ་ཕུར་བུ། 2013/01/24

རྒྱ་གར་ནང་ཨོ་རི་ས་གཞིས་ཆགས་ཀྱི་གཞོན་སྐྱེས་ཚོར་མདུན་ལམ་སློབ་སྟོན་བྱེད་བཞིན་པ།

རྒྱ་གར་དུ་ཨོ་རི་ས་ས་གནས་སུ་ཆགས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་བོདཀྱི་མདུན་ལམ་སློབ་སྟོན་ཁང་གི་གོ་སྒྲིག་འོག་ལོ་གཅིག་རིང་དེ་གར་མདུན་ལམ་སློབ་སྟོན་པ་ཞིག་ཆེད་འཇོག་བྱས་ཏེ་ཁོང་གིས་ས་གནས་ཀྱི་སློབ་གྲའི་སློབ་ཕྲུག་ཚོ་དང་དེ་བཞིན་མཐོ་སློབ་ཐོན་པའི་གཞོན་སྐྱེས་དང་ལྷག་པར་དུ་ལས་མེད་དང་ལས་མེད་བོད་པའི་གཞོན་སྐྱེས་ཚོར་སློབ་གསོ་གོ་བཀོན་དང་མདུན་ལམ་ལམ་སྟོན་བྱེད་བཞིན་ཡོད་པ་རེད། འདིའི་ཐོག་མདུན་ལམ་སློབ་སྟོན་པ་ཚེ་རིང་དགྲ་འདུལ་ལགས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་གཏམ་བཤད་གནང་བ་དེ་གསན་གྱི་རེད།


གཟའ་ཕུར་བུ། 2013/01/03

བོད་ཀྱི་གསོ་རིག་སྨན་པའི་མཐུན་ཚོགས་དབུ་བརྙེད་ནས་ལོ་དགུ་འཁོར་པ།

བཙན་བྱོལ་བོད་མིའི་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་དབུ་བརྙེད་ནས་མི་ལོ་ཧྲིལ་བོ་དགུ་འཁོར་གྱིན་ཡོད་ཅིང་། བོད་པའི་གསོ་རིག་ལྷན་ཚོགས་དེར་ཚོགས་མི་སྨན་པ་བཞི་བརྒྱ་ལྷག་ཡོད་པ་མ་ཟད། ལྷན་ཚོགས་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་སློབ་གཉེར་ཡར་རྒྱས་དང་ཚད་ལྡན་ཞིག་བཟོ་ཐབས་སུ་ལས་དོན་གནད་དུ་སྨིན་པ་གནང་གི་ཡོད་འདུག་པས། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་གསུམ་པའི་ཚོགས་གཙོ་སྨན་པ་ཚེ་རིང་ཐག་གཅོད་ལགས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།།

གཞོན་སྐྱེས་དང་ཤེས་ཡོན། གཞོན་སྐྱེས་རྣམས་ལ་དམིགས་པའི་ལེ་ཚན་འདིའི་ནང་གཙོ་བོ་གཞོན་སྐྱེས་རྣམས་ཀྱི་ ཆེད་དུ་གཞོན་སྐྱེས་རང་ངོས་ནས་ཤེས་ཡོན་སློབ་གསོ་དང་ཆབ་སྲིད་ མང་གཙོ་དང་རིག་གཞུང་ རྩེད་སྣ་དང་ལས་རིགས་སོགས་གཞོན་སྐྱེས་དང་འབྲེལ་ཡོད་གནད་དོན་སྣ་དམང་ཐོག་བགྲོ་ གླེང་བྱེད་ཀྱི་ཡོད།

  • རྒྱང་སྲིང་དུས་ཚོད། Thursdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 1400
  • ལེ་ཚན་རིང་ཐུང་། 20
  • གསན་ན། MP༣

ལོ་ཐོ།

ཀུན་གླེང་གསར་འགྱུར། 

Loading
12:00:00 / -:--:--

འབྲེལ་མཐུད་བརྒྱུད་ལམ་ཁག 

ངོ་དེབ།