རླུང་འཕྲིན། / བགྲོ་གླེང་མདུན་ལྕོག

བགྲོ་གླེང་མདུན་ལྕོག ཀུན་བཟང་རིག་འཛིན་གཙོ་གཉེར་བྱས་པའི་མདུན་རེའི་རླུང་འཕྲིན་ལས་རིམ་འདིའི་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་ཡི་རེད།

  • རྒྱང་སྲིང་དུས་ཚོད། Saturdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0000
  • ལེ་ཚན་རིང་ཐུང་། 25
  • གསན་ན། MP༣


གཟའ་སྤེན་པ། 2013/05/11

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ན་གཞོན་མཐུན་ཚོགས་ཀྱི་ཚོགས་ཆེན།

ཟླ་བ་འདིའི་ཚེས་༨ ནས་༩ བར་ཉིན་གྲངས་གཉིས་རིང་ཡོ་རོབ་ཀྱིས་རྒྱལ་ཁབ་ཇར་མི་ནིའི་གྲོང་ཁྱེར་ཊོཏ་མོན་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ན་གཞོན་མཐུན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཏེ་བོད་དོན་ཐེ་བའི་གནད་དོན་མང་པོའི་ཐད་གོ་བསྡུར་བྱས་ཡོད་ཅིང། འཛམ་གླིང་ཡུལ་གྲུ་༦༠ ལྷག་ནས་འཐུས་མི་༡༣༠ ལྷག་འདུ་འཛོམས་བྱུང་བའི་ཚོགས་ཆེན་སྐབས་བོད་དོན་ཐོག་ལ་གྲོས་ཆོད་ཞིག་འཇོག་ཐུབ་ཡོད་པ་རེད། ད་རིང་གི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་གོང་ཞུས་ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཚོགས་འདུའི་གལ་གནད་དང་འབྱུང་འབྲས་སོགས་ཀྱི་ཐད་ལ་གླིང་མོལ་ཞུ་གི་ཡོད།


གཟའ་སྤེན་པ། 2013/05/04

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག

གཟའ་འཁོར་འགའ་ཤས་གོང་རྒྱ་ནག་གི་མཐའ་སྲུང་དམག་མི་མང་པོ་ཞིག་རྒྱ་གར་གྱི་ལ་དྭགས་ས་ཁུལ་སིམ་འཛུལ་བྱས་ཏེ་གནས་སྡོད་བྱས་དང་བྱེད་མུས་ཡིན་པ་རེད། གནས་ཚུལ་དེ་རྒྱ་གར་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་མ་ཕེབས་གོང་དང་རྒྱ་ནག་གི་སྲིད་བློན་རྒྱ་གར་ལ་མཚམས་འདྲེ་མ་གནང་གོང་བྱུང་བས་དོན་རྐྱེན་གནས་ཚུལ་ཞིག་ཆགས་ཡོད་སྟབས་ རྒྱལ་ཁབ་གཉིས་ཀྱི་བརྒྱུད་ལམ་དང་དཔྱད་ཞིབ་མི་སྣས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གཟའ་འཁོར་འདིའི་བགྲོ་གླིང་མདུན་ཅོག་ལས་རིམ་ལ་སྤྱི་འཐུས་ཡི་ཤེས་ཕུན་ཚོགས་ལགས་དང་ཉམས་ཞིབ་པ་དགེ་ལེགས་རྣམ་རྒྱལ་ལགས་གཉིས་ལ་ཏེ་གོང་ཞུས་དོན་རྐྱེན་དེའི་ཐད་ལ་དཔྱད་གླིང་བྱེད་ཀྱི་ཡོད།


གཟའ་ཟླ་བ། 2013/04/29

པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རྗེས་དྲན།

ཉེ་ལམ་འཛམ་གླིང་ས་ཁུལ་གང་སར་བོད་མི་ཚོས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གང་མྱུར་རྒྱ་མིའི་དོ་དམ་འོག་ནས་གློད་འགྲོལ་ཡོང་ཐབས་སུ་ལས་འགུལ་འདྲ་མིན་སྤེལ་བ་སོགས་བརྒྱུད་ པན་ཆེན་ཆོས་ཀྱི་ཉིད་མའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། དགེ་འདུན་ཆོས་ཀྱི་ཉི་མ་༧གོང་ས་མཆོག་གིས་པན་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་ལ་ངོས་འཛིན་མཛད་པ་ནས་བཟུང་འདས་པའི་ལོ་ངོ་༡༨ ལྷག་གི་རིང་ཁོང་གར་ཡོད་ཀྱིས་གནས་སྟངས་ཤེས་རྟོགས་མེད་པར་འགྱུར་ཡོད་པ་རེད། གཟའ་འཁོར་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་པན་ཆེན་སྐུ་ཐོག་གོང་མའི་མཛད་རྣམ་རྩོམ་སྒྲིག་པ་དང་ས་ར་བོད་ཀྱི་མཐོ་སློབ་ཁང་གི་རྒྱལ་རབས་སློབ་དགེ་གཙང་ཕྲུག་སྟོབས་ལགས་སུ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་ཚེའི་ལོ་རྒྱུས་ལ་རྗེས་དྲན་ཞུ་གི་ཡོད།


གཟའ་སྤེན་པ། 2013/04/20

བཙན་འབྱོལ་ནང་གི་གསར་འགྱུར་ལས་ཁང་ཚོས་འགན་དབང་དང་དཀའ་ངལ།

དེང་སྐབས་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ཚིགས་རིགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐབས་ བཞུགས་སྒར་ལ་རྟེན་གཞི་བྱས་པའི་བོད་ཀྱི་བང་ཆེན་གསར་ཤོག་འགོ་བཙུགས་ཏེ་ལོ་བཅུ་འཁོར་བའི་དུས་ཚིགས་རྗེས་དྲན་གནང་འདུག གཟའ་འཁོར་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་བོད་ཀྱི་བང་ཆེན་གསར་ཤོག་གི་གསར་འགོད་ལས་རོགས་ཆོས་ཉིད་འོད་ཟེར་ལགས་དང་བོད་ཀྱི་ཉི་མ་དྲ་རྒྱའི་རྩོམ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་གཉིས་ལ་བཙན་བྱོལ་ནང་གི་གསར་འགོད་པ་ཚོའི་དཀའ་ངལ་དང་འགན་དབང་ཐད་གླིང་མོལ་བྱེད་ཀྱི་རེད།


གཟའ་སྤེན་པ། 2013/04/13

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འདས་པའི་བརྒྱུད་རིམ་དང་མ་འོངས་པའིགནས་བབས།

ད་ལམ་རྒྱ་གར་གྱིས་རྒྱལ་ས་ལྡི་ལིར་བོད་དོན་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་འཚོགས་ཚོགས་ཏེ་ད་ཕན་ཚོགས་པའི་ལས་དོན་བྱེད་སྒོ་དང་མ་འོངས་པར་ལས་འགུལ་སྤེལ་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་པ་རེད། གཟའ་འཁོར་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་རྒྱ་གར་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་སུ་ཏེ་ད་ལམ་ཚོགས་པའི་བོད་དོན་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་སྐབས་ལ་གནད་དོན་གང་གི་ཐད་གོ་བསྡུར་གནང་སྟེ་ཐག་གཅོད་བྱུང་ཡོད་མིན་དང་ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྤྱི་ཡོངས་ཀྱི་གནས་བབས་ཐད་ལ་དཔྱད་ཞིབ་བྱེད་ཀྱི་ཡོད།


གཟའ་ཟླ་བ། 2013/04/08

རྒྱ་གར་དང་ཡོ་རོབ་མངའ་ཁུལ་ལ་བོད་དོན་དྲིལ་བསྒྲགས་ལས་འགུལ།

ཟླ་བ་སྔོན་མའི་ཕྱི་ཚེས་༡༧ ཉིན་ཨ་རིའི་མངའ་སྡེ་མེ་ནི་སོ་ཊར་གནས་འཁོད་རིན་པོ་ལགས་ཀྱིས་ཡོ་རོབ་མངའ་ཁུལ་གྱི་གྲོང་ཁྱེར་ཁག་མང་པོའི་ནང་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་ ཡང་ཟླ་བ་འདིའི་ཕྱི་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་མོལ་ཊར་གཞིས་ཆགས་ནང་གནས་སྡོད་བོད་མི་ཚོ་ཁག་ཅིག་གིས་རྒྱ་གར་གྱི་གྲོང་ཁྱེར་མང་པོའི་ནང་སྦག་སྦག་བཞོན་ཏེ་སྐོར་སྐྱོད་ལས་འགུལ་ཞིག་འགོ་བཙུགས་ཡོད་རེད།


གཟའ་སྤེན་པ། 2013/03/30

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་མཁས་པའི་བགྲོ་གླིང་ཚོགས་འདུ།

ཕྱི་ཟླ་༣་ཚེས་༢༩་དང་༣༠་གཉིས་ལ་བཞུགས་སྒར་རྡ་རམ་ས་ལར་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་ཉིན་གཉིས་ཀྱི་མཁས་པའི་བགྲོ་གླིང་ཚོགས་འདུ་ཞིག་སྐོང་ཞིང་། གཟའ་འཁོར་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་གཞོན་པ་དང་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་པ་བློ་བཟང་ལགས་གདན་འདྲེན་ཞུས་ནས་ལྷན་ཚོགས་དེའི་དགོས་པ་དང་དམིགས་ཡུལ། ཚོགས་ཆེན་དེའི་གལ་གནད་བཅས་ལ་གླེང་མོལ་ཞུས་པ་ཡིན།།


གཟའ་སྤེན་པ། 2013/03/23

ལ་དྭགས་བྱང་ཐང་ཁུལ་དུ་གངས་སྐྱོན།

འདི་ལོ་དགུན་དུས་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་ལ་གངས་ཆེན་པོ་འབབས་ཏེ་ས་གནས་མི་མང་གི་སྒོ་ཕྱུགས་སེམས་ཅན་ཧ་ཅང་མང་པོར་ཤི་གོད་བྱུང་ཡོད་པ་དང་ དེ་བཞིན་ བྱང་ཐང་ཁུལ་གྱི་འབྲོག་པ་ཚོ་ས་གནས་གཅིག་ནས་གཞན་ལ་འགྲོ་ཡོང་བྱ་རྒྱུར་དཀའ་ངལ་ཅི་ཆེ་བྱུང་ཡོད་པ་རེད། གཟའ་འཁོར་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་བྱང་ཐང་གི་གངས་སྐྱོན་འོག་ས་གནས་མི་མང་ལ་གནོད་སྐྱོན་དང་གྱོང་རྒུན་ཇི་ཙམ་བྱུང་ཡོད་མེད་ཐད་ས་གནས་གཞིས་སྒོའི་མཉམ་དུ་གླིང་སློང་བྱས་པ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/03/18

ཞི་བའི་གོམ་བགྲོད་ལས་འགུལ།

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གླིང་ཚ་ཚེ་བརྟེན་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བོད་བར་ཞི་བའི་གྲོམ་བགྲོད་ལས་འགུལ་ཐེངས་གཉིས་པ་དེ་འགོ་འཛུགས་གནང་ཡོད་པ་དང་དུས་མཚུངས་ ཨ་རིའི་རྒྱལ་ས་ལྦ་ཤིན་ཊོན་ནས་གྲོང་ཁྱེར་ཆེན་མོ་ནེའུ་ཡོག་བར་བོད་མི་བཞི་ཡིས་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པར་རེད། གཟའ་འཁོར་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ནང་ལས་རིམ་གཙོ་སྐྱོང་བ་རིག་འཛིན་གྱིས་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཉིས་མཉམ་དུ་ལས་འགུལ་གཉིས་པོའི་དེའི་དམིགས་ཡུལ་དང་གལ་གནད་སྐོར་གླིང་སློང་ཞུ་གི་རེད།


གཟའ་སྤེན་པ། 2013/03/09

བོད་མིའི་རང་དབང་སྒེར་ལངས་རྗེས་དྲན།

ད་ནས་ལོ་ངོ་༥༤ གོང་ལ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྐྱ་སེར་ཕོ་མོ་སྟོང་ཚོ་མང་པོས་རྒྱ་ནག་གི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གྱིས་ལས་འགུལ་གཞི་རྒྱ་ཆེན་པོ་བྱས་པའི་དུས་ཚོད་དེ་བོད་མིའི་རང་དབང་སྒེར་ལངས་ཀྱིས་ཉིན་མོ་ཞེས་དེང་སྐབས་འཛམ་གླིང་ཡོངས་ལ་ངོས་འཛིན་དང་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་༡༩༥༩ བོད་མིའི་རང་དབང་སྒེར་ལངས་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་མཁན་ཕྱག་མཛོད་ང་དབང་བསྟན་པ་ལགས་སུ་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་རིམ་སྐོར་གནས་འདི་ཞུས་པ་དེ་གསན་གྱི་རེད།


གཟའ་སྤེན་པ། 2013/03/02

ཞོ་སྟོན་ཐེངས་༡༨ པ།

འདི་ལོའི་ཟླ་བ་གཉིས་པའི་ཚེས་༢༤ནས་ཟླ་བ་གསུམ་པའི་ཚེས་༡ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་ལ་ཞོ་སྟོན་དུས་ཆེན་ཐེངས་༡༨ པ་དེ་ཚོགས་ཡོད་པ་དང་ སྐབས་དེར་ལྷ་མོའི་ཚོགས་པ་དྲུག་གི་མཉམ་ཞུགས་བྱས་ཏེ་གནང་སྟེ་འཁྲབ་སྟོན་གནང་ཡོད་པ་རེད།


གཟའ་སྤེན་པ། 2013/02/23

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ངོ་སྤྲོད།

བོད་ ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་ནས་རྒྱ་གར་ལ་བྲོས་བྱོལ་ཡོང་མཁན་བོད་ པའི་ཆབ་སྲིད་བཙོན་པ་ཚོའི་འཕྲོད་བསྟེན་དང་ ཤེས་ཡོན་སློབ་སྦྱོང་ སྡོད་གནས་ བཟའ་བཅག་སོགས་ཀྱི་མཐུན་རྐྱེན་སྐྲུན་གྱི་ཡོད་ཅིང། ད་ལྟའི་ཆར་ཚོགས་དེར་ལ་འཐུས་མི་ལྔ་བརྒྱ་ཡས་མས་ཤིག་ཡོད་པ་རེད། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ གཞོན་ཀླུ་མཁར་བྱམས་ལགས་སུ་ཚོགས་པའི་དམིགས་ཡུལ་དང་ལས་དོན་བྱེད་སྒོ་ཁག་གི་ཐད་ གླིང་མོལ་ཞུས་པ་ཞིག་གསན་གྱི་རེད།


གཟའ་སྤེན་པ། 2013/02/16

བོད་མིས་རང་ལུས་མེར་སྲེག་བཏང་བའི་གྲངས་འབོར་བརྒྱ་ལ་སླེབས་ཡོ

རྒྱ་ནག་གཞུང་གི་དབང་བསྒྱུར་དང་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུའི་ཆེད་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་དེ་ད་ཆ་བརྒྱ་ཟིན་གྱི་ཡོད་ནའང་ རྒྱ་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་དགོས་འདུན་ལ་བསམ་གཞིགས་བྱེད་རྒྱུ་ལས་ལྡོག་སྟེ་ བོད་ནང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ཡིན་པ་དང་། ཕྱོགས་མཚུངས་རྒྱལ་སྤྱིའི་ཁྲོད་ནས་ཀྱང་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ལ་དེ་ཙམ་དོ་སྣང་ཆེན་པོ་ཞིག་བྱེད་ཀྱི་མེད་པའི་གནས་སྟངས་ཤིག་ཡོད་མུས་རེད། བཞུགས་སྒར་ཀིར་རྟི་བྱིས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡི་ཤེས་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཅིག་ལྕོགས་ཡིན་པ་ཚེ་རིང་ཚོ་མོ་ལགས་གཉིས་ལ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་སྤྱི་ཡོངས་ཀྱི་ཐད་ལ་བསྐྱར་ཞིབ་ཞུ་གི་ཡོད།


གཟའ་སྤེན་པ། 2013/02/09

ལོ་གསར་སྲུང་བརྩི་ཇི་ལྟར་བྱེད་དགོས་མིན།

ཉེ་ལམ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ལོ་གསར་སྐབས་བོད་མི་ཚོས་ རྒྱས་སྤྲོས་བྱ་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་ཅིང་། འོན་ཀྱང་ བོད་མི་མང་པོས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་གང་འདྲ་ཞིག་ཆགས་མིན་ལ་ལྟོས་ མེད་ བོད་མི་ཚོས་ལོ་གསར་དེ་སྲུང་བརྩི་ཡག་པོ་ཞིག་བྱེད་དགོས་པའི་དགོངས་ཚུལ་གླིང་ གི་ཡོད་པ་རེད། བལ་ཡུལ་དང་རྒྱ་གར་ དེ་བཞིན་ ཀེ་ན་ཊ་བཅས་ལ་གནས་བོད་མི་གསུམ་ལ་ ལོ་གསར་སྲུང་བརྩི་བྱེད་ཕྱོགས་ཐད་གླིང་མོལ་ཞུ་གི་ཡིན།


གཟའ་སྤེན་པ། 2013/02/02

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོ།

ད་ལྟའི་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ་བཀའ་སྤྱི་གཉིས་ཐུན་མོང་གིས་ནས་རྒྱ་གར་གྱིས་རྒྱལ་ས་ལྡི་ལི་གསར་བའི་ནང་བོད་མི་དྲུག་སྟོང་ལྷག་འདུ་འཛོམས་ཐོག་ཉིན་བཞིའི་རིང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། ད་རིང་གི་བགྲོ་གླིང་མདུན་ལྕོག་ལས་རིམ་ལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་བོད་མི་གསུམ་དང་བགྲོ་གླིང་བྱེད་ཀྱི་ཡོད།


གཟའ་ཟླ་བ། 2013/01/28

སན་ཏ་སྦར་སྦ་ར་བོད་ཀྱི་བདུན་ཕྲག་ངོ་སྤྲོད།

ཨ་རིའི་ཀེ་ལི་ཕྷོར་ནི་ཡར་རྟེན་གཞི་བྱས་པའི་སན་ཏ་སྦར་སྦ་ར་བོད་དོན་ཡང་རྩེ་ཚོགས་པས་བོད་ཀྱི་རིག་གཞུང་དང་ བོད་ཀྱི་གནས་བབ་ངོ་སྤྲོད་ཆེད་གཟའ་འཁོར་གཅིག་གི་རིང་བོད་དོན་བདུན་ཕྲག་ཅེས་པའི་ལས་འཆར་ཞིག་གོ་སྒྲིག་གནང་གི་ཡོད་པ་དང་། འདིའི་སྐོར་རིག་འཛིན་གྱིས་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་དང་ཐེ་བོ་རིན་པོ་ཆེ་རྣམ་གཉིས་ལ་གནས་འདྲི་ཞུས་པ་དེ་གསན་གྱི་རེད།


གཟའ་ཟླ་བ། 2013/01/21

རྒྱ་གར་རྒྱལ་ཡོངས་བོད་དོན་ཞུ་སྐུལ་ལས་འགུལ།

བོད་ ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་རྒྱ་གར་གྱི་མངའ་སྡེ་ཁག་མང་ པོའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་ རེད། ད་རིང་གི་བགྲོ་གླིང་མདུན་ལྕོག་ལས་རིམ་གྱིས་སྤྱི་འཐུས་སྨོག་རུ་བསྟན་པ་ལགས་དང་ སྤྱི་འཐུས་ཨ་ཕྲུག་ཚེ་བརྟན་ལགས་གཉིས་སུ་སྤྱི་འཐུས་ལྷན་ཚོགས་ ཀྱི་སྣེ་འཁྲིད་པའི་ཞུ་སྐུལ་གྱི་ལས་འགུལ་དེའི་དམིགས་དོན་དང་ལས་འགུལ་སྤེལ་ ཕྱོགས་བཅས་ཀྱི་སྐོར་ལ་གླིང་སློང་བྱེད་ཀྱི་ཡོད།


གཟའ་ལྷག་པ། 2013/01/02

༢༠༡༢་ཕྱིར་དྲན།

ཕྱི་ལོ་༢༠༠༩་ནས་འགོ་ཚུགས་ཏེ་བོད་ནང་ལོགས་སུ་ཁྱོན་བསྡོམས་མི་༩༥་ཙམ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་འཚུལ་བྱུང་བ་མ་ཟད། མི་དེ་དག་གི་གྲས་ཀྱི་སེར་སྐྱ་༨༡་གིས་ཕྱི་ལོ་༢༠༡༢་ལོར་རང་ལུས་མེར་སྲེག་བཏང་ཡོད་པར་བརྟེན། འདས་པའི་ལོ་དེ་བོད་པ་དང་བོད་དོན་ལ་ཧ་ཅང་ཛ་དྲག་ཅན་གྱི་ལོ་ཞིག་ཡིན་ཞིང་། ད་རེས་ཀྱི་བགྲོ་གླེང་མདུན་ཅོག་ལས་རིམ་ནང་དུ་ཕྱི་ལོ་༢༠༡༢་ལོར་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་ཆེ་ཁག་ཅིག་ལ་བསྐྱར་ཞིབ་དང་རྗེས་དྲན་ཞུས་དེར་གསན་རོགས་གནང་།།


གཟའ་མིག་དམར། 2013/01/01

ཨེ་ཛེའི་ཉེན་ཚབས་དང་སྔོན་འགོག

ཨེ་ཛེ་ནད་གཞི་འདི་བཙན་འབྱོལ་བོད་མི་ཚོས་གདོང་ལེན་བྱེད་དགོས་པའི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་ནང་ལོགས་སུའང་ནད་གཞི་འདི་ཧ་ཅང་ཉེན་ཚབས་ཅན་ཞིག་ལ་གྱུར་ཡོད་ཅིང་། གཟའ་འཁོར་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ལ་གདམ་ཀ་ཚོགས་པའི་འགན་འཛིན་ཕུན་ཚོགས་ཆོས་འཕེལ་ལགས་གདན་འདྲེན་ཞུས་ཏེ་ཨེ་ཛེ་ནད་གཞིའི་ཉེན་ཚབས་དང་དེའི་ སྔོན་འགོག་གི་ཐབས་ལམ་སོགས་ལ་གླེང་མོལ་ཞུས་པ།


གཟའ་མིག་དམར། 2013/01/01

གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་མི་རི་ཀའི་སྐོར་སྐྱོད་ལས་རིམ།

བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་གཉིས་བྱང་ཨ་མི་རི་ཀའི་ས་ཁུལ་ཁག་མང་པོ་ཞིག་ལ་ཆེད་ཕེབས་ཀྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་ཀྱི་ལས་རིམ་རིམ་པ་ཞིག་སྤེལ་ཡོད་ཅིང་། ཁོང་ཚོས་ཀེ་ན་ཊ་དང་ཨ་མི་རི་ཀའི་གནད་ཡོད་ཆབ་སྲིད་མི་སྣ་ཁག་ལ་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གནང་བ་ལ་སོགས་པ་གནང་ཡོད་པ་རེད། ང་ཚོའི་བགྲོ་གླེང་མདུན་ཅོག་གཙོ་སྐྱོང་བ་རིག་འཛིན་གྱིས་གཞོན་ནུ་ཚོགས་པའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་སུ་གཏམ་བཤད་ སྐོར་སྐྱོད་ཀྱི་ལས་རིམ་འདིའི་དམིགས་ཡུལ་དང་བྱང་ཨ་མི་རི་ཀ་ཁུལ་གྱི་བོད་མི་ཚོས་བོད་དོན་ལ་ཐུགས་ཁུར་ལེན་ཕྱོགས་ལ་གླེང་མོལ་ཞུས་པ།

བགྲོ་གླེང་མདུན་ལྕོག ཀུན་བཟང་རིག་འཛིན་གཙོ་གཉེར་བྱས་པའི་མདུན་རེའི་རླུང་འཕྲིན་ལས་རིམ་འདིའི་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་ཡི་རེད།

  • རྒྱང་སྲིང་དུས་ཚོད། Saturdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0000
  • ལེ་ཚན་རིང་ཐུང་། 25
  • གསན་ན། MP༣

ལོ་ཐོ།

ཀུན་གླེང་གསར་འགྱུར། 

Loading
12:00:00 / -:--:--

འབྲེལ་མཐུད་བརྒྱུད་ལམ་ཁག 

ངོ་དེབ།