རླུང་འཕྲིན། / འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ། འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེ་ཞེས་པའདི་ག་རླུང་འཕྲིན་ཁང་གི་བདུན་རེའི་འཕྲོད་བསྟེན་གྱི་ཤེས་བྱའི་ལེ་ཚན་འདིའི་ནང༌། འབྲེལ་ཡོད་ཤེས་ལྡན་མི་སྣར་གནས་འདྲི་དང་ཁུངས་ལྡན་ཞིབ་འཇུག་ཡིག་ཆ་གཞི་ལ་བཞག་ནས་བོད་ཀྱི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གོམས་གཤིས་ཡར་རྒྱས་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ཕན་ནུས་ཡོད་པའི་གནས་ཚུལ་ཁག་རྒྱང་སྲིང་ཞུ་གི་ཡོད།

  • རྒྱང་སྲིང་དུས་ཚོད། Wednesdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0400
  • ལེ་ཚན་རིང་ཐུང་། 20
  • གསན་ན། MP༣

གཟའ་ལྷག་པ། 2013/04/24

ཀླད་པའི་ཆ་ཤས་གསོ་བའི་བརྒྱུད་ནས་ཐ་མག་གཅོད་རྒྱུར་ཕན་པ།

ཐ་མག་ནི་འཛམ་གླིང་ནང་སྔོན་འགོག་བྱ་རྒྱུ་ཡོད་པའི་འོག་ནས་མི་ལ་འཆི་སྐྱོན་ཡོང་གཞི་ཆེ་ཤོས་དེ་ཡིན་པར་བརྟེན། འཕྲོད་བསྟེན་ལས་དོན་མི་སྣ་ཚོས་འདི་འགོག་ཐབས་ཀྱི་ཐབས་ལམ་རྟག་ཏུ་འཚོལ་བཞིན་པ་ཞིག་རེད། ཐེངས་འདིར་ཨ་མི་རི་ཁའི་ནང་རྟེན་གཞི་བྱས་པའི་ཚན་རིག་པ་ཁག་གཅིག་གིས་ཐ་མག་གཅོད་ཐབས་ཀྱི་ཐབས་ལམ་ཞིག་ད་ཡོད་པའི་གསལ་བསྒྲགས་བྱས་འདུག དེའི་སྐོར་ལ་འདི་ག་རླུང་འཕྲིན་ཁང་གི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།


གཟའ་ཕུར་བུ། 2013/04/11

བྱ་ནད་སོགས་སྔོན་འགོག་གི་ཐབས་ག་རེ་བྱེད་དགོས་སམ།

ད་ཆ་རྒྱ་ནག་ནང་བྱ་རིགས་ལ་རིམས་ནད་གསར་པ་ཞིག་པོག་སྟེ་དར་ནས་མུ་མཐུད་མི་ལ་འགོ་བའི་གནས་ཚུལ་ཐོན་བཞིན་པ་དང་ད་བར་མི་༩ འཆི་སྐྱོན་སོང་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤེས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་བྱ་ནད་སོགས་སྤྱིར་བཏང་ན་ཚ་སྔོན་འགོག་ཆེད་རང་གི་ཉིན་རེའི་འཚོ་བའི་ནང་བྱེད་དགོས་པའི་བྱ་ཐབས་ཁག་གི་ཐད་ལ་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལྷན་ཁང་གི་མང་ཚོགས་ཀྱི་འཕྲོད་བསྟེན་སྟོན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་ལ་ཡེ་ཤེས་རྡོ་རྗེས་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།


གཟའ་ལྷག་པ། 2013/03/20

རྒྱུ་ལུག་ཞེས་པའི་ནད་ངོ་སྤྲོད།

རྒྱུ་ལུག་ཟེར་བའིོ་ན་ཚ་དེ་བོད་མིའི་སྤྱི་ཚོགས་ནང་ངོ་ཚ་བྱས་ནས་སྨན་པ་ལ་ཡག་པོ་མི་ཤོད་པའི་གནས་ཚུལ་ཡོད་པ་ཞིག་ཡིན་ན་ཡང་། འདི་ནི་ངེས་པར་དུ་བཅོས་དགོས་པའི་ན་ཚ་ཞིག་ཡིན་པར་བརྟེན་ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤེས་དང་དོན་ལྡན་གྱི་མི་ཚེ་ཞེས་པའི་ལེ་ཚན་ནང་ནད་དེ་ཇི་འདྲ་ཞིག་ཡིན་པའི་སྐོར་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།


གཟའ་ལྷག་པ། 2013/03/13

རྒྱུན་རིང་རྐུབ་བཀྱག་སོགས་ཀྱི་ཐོག་ལ་སྡོད་མཁན་རྣམས་ལ་ནད་སྐྱོན་གྱི་ཉེན་ཁ་ཆེ ་ཡོད་པ།

ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། ལུས་འགུལ་སྐྱོད་མི་བྱེད་མཁན་གྱི་ལུས་ལ་སྐྱོན་ནད་ཕོག་པའི་ཉེན་ཁ་ཆེ་བ་ཡོད་པ་དང་། དེར་བརྟེན་ལས་ཁུངས་ནང་རྒྱུན་རིང་རྐུབ་བཀྱག་སོགས་ཀྱི་སྟེང་སྡོད་མཁན་ཚོས་ངེས་པར་དུ་ལུས་འགུལ་སྐྱོད་བྱེད་ཐབས་བྱེད་དགོས་པའི་སྐོར་ལ་ལེ་ཚན་འདིའི་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།


གཟའ་ལྷག་པ། 2013/03/06

རྒྱ་ནག་ནང་གི་ཁོར་ཡུག་འབག་བཙོག་གིས་མིའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད།

རྒྱ་ནག་གིས་ཡུལ་དེར་སྐྲན་ནད་ཀྱི་གྲོང་ཚོ་ཟེར་བ་ཡོད་པའི་ངོས་ལེན་བྱས་པ་འདིས་ཡུལ་དེའི་ནང་ཁོར་ཡུག་འབག་བཙོག་གི་དཀའ་ངལ་དེ་ཉིན་ཁ་ཆེ་བའི་ཚད་མཐོ་པོ་ཇི་ཙམ་བསླེབས་ཡོད་པ་མཚོན་པ་ཞིག་རེད། མཁའ་རླུང་འབག་བཙོག་ཟེར་བ་དེར་རྒྱུས་མངའ་དེ་ཙམ་མེད་པའི་བོད་མི་རྣམས་རྒྱ་ནག་ནང་འགྲོ་དུས། ཡུལ་དེའི་མཁའ་རླུང་དང་ཆུ་ལ་ཡེད་གཟབ་བྱེད་དགོས།


གཟའ་ལྷག་པ། 2013/02/27

བོད་ཀྱི་ས་ཁུལ་ཞིག་ཏུ་འཇམ་ནད་བསླེབས་ཡོད་པའི་གནས་ཚུལ།

རྒྱ་ནག་གི་ཤིན་ཧྥ་གསར་ཁང་གིས་དེ་རིང་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། བོད་རང་སྐྱོངས་ལྗོངས་ཀྱི་ཆུ་ཤུར་རྫོང་དང་། རྒྱ་ནག་གུང་ཏུང་ཞིང་ཆེན་གྱི་ས་ཁུལ་ཞིག་ནང་དུ་འཇམ་ནད་ཟེར་བ་དུད་འགྲོ་སེམས་ཅན་གྱི་ན་ཚ་དེ་སླེབ་ཡོད་པ་རེད། ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། ན་ཚ་དེའི་སྐོར་ལ་བོད་ཀྱི་གསོ་བ་རིག་པའི་མཁས་དབང་རག་རྡོ་རིན་པོ་ཆེ་བློ་བཟང་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བ་ཞིག་སྙན་སྒྲོན་ཞུ་གི་ཡིན།


གཟའ་ལྷག་པ། 2013/02/20

ལུས་ལ་ཕྲུ་གུ་འཁོར་སྐབས་བཅུད་རྫས་B༩་ཟེར་བ་དེ་ཟ་རྒྱུ

ཕྲུ་གུ་ཆུང་ཆུང་སྐབས་ནས་ཀླད་པའི་རྩ་ལག་འགའ་ཤས་ཡོངས་སུ་འཚར་ལོང་མི་ཡོང་བའི་Autism ཞེས་པའི་ཀླད་སྐྱོན་གྱི་ཉེན་ཁ་དེ་ཕྲུ་གུ་ལུས་ལ་འཁོར་འགོ་ཚུགས་ནས་མ་ཡིས་Folic Acid ཞེས་པའི་བཅུད་རྫས་ཟས་ན་ཉེན་ཁ་དེ་མི་ཡོང་བར་ཕན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག་པ་དེའི་སྐོར་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།


གཟའ་ལྷག་པ། 2013/02/06

ཤིང་ཐོག་གི་ཁུ་བ་འདྲ་བའི་བཏུང་བ་མང་པོ་ཞིག་རྫས་སྦྱོར་དང་བྱེ་མ་ཀ་རིའི་ཁུ་བ་ཡ

མི་མང་པོས་ཚོང་ཁང་ནང་ཡོད་པའི་ཤིང་ཐོག་གི་ཁུ་བ་འདྲ་བའི་རྫས་སྦྱོར་གྱི་ཚོས་བརྒྱབ་པའི་བྱེ་མ་ཀ་རའི་ཁུ་བ་རྣམས་ཤིང་ཐོག་གི་ཁུ་བ་ཡིན་སྙམ་ནས་འཐུང་གི་ཡོད་པ་ནི། མིའི་འཕྲོད་བསྟེན་ལ་གནོད་སྐྱོན་ཤུགས་ཆེ་གཏོང་གི་ཡོད་པ་ཞིག་རེད། ཐེངས་འདིའི་ལེ་ཚན་ནང་། གནད་དོན་འདིའི་ཐད་ལ་ཟས་བཅུད་སློབ་སྦྱོང་བྱེད་མཁན་གྲོང་ཁྱེར་ནེའུ་ཡོག་ཏུ་རང་བྱུང་ཟ་ཆས་ཚོང་ཁང་འཛིན་མཁན་འཇམ་དབྱངས་ཚེ་བརྟན་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཡིན།


གཟའ་ལྷག་པ། 2013/01/23

འཕྲོད་བསྟེན་ལ་ཕན་པའི་ཟས་ནི་ཆམ་པ་སྔོན་འགོག་གི་སྨན་ཡག་ཤོས་ཤིག་ཡིན་པ།

ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤེས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། ཆམ་པ་སྔོན་འགོག་གི་བྱ་ཐབས་ཡག་ཤོས་གཅིག་ནི་རྒྱུན་དུ་འཕྲོད་བསྟེན་ལ་ཕན་པའི་ཟས་ཟ་རྒྱུ་དེ་ཡིན་པའི་སྐོར་ལ་བོད་མི་ཟས་བཅུད་སློབ་གཉེར་བ་དང་འཕྲོད་བསྟེན་ལ་ཕན་པའི་ཟས་ཚོང་མཁན་ཞིག་གིས་འདི་ག་ལེ་ཚན་ལ་འགྲེལ་བརྗོད་བྱས་པ་ཞིག་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།


གཟའ་ལྷག་པ། 2013/01/09

གཞན་ལ་ཕན་བདེ་བསྐྲུན་ན་རང་ལ་བདེ་སྐྱིད་ཡོང་བ་ཚན་རིག་པས་ཤེས་རྟོགས་བྱུང་ཡོད་པ།

གཞན་ལ་ཕན་བདེ་སྒྲུབ་ན་རང་ལ་བདེ་སྐྱེད་ཡོང་གི་ཡོད་པ་དེ་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དུས་རྒྱུན་དུ་གནང་བའི་སློབ་སྟོན་ཞིག་ཡིན་ཞིང་། ད་ཆ་ཚན་རིག་ཞིབ་འཇུག་པའི་ཚན་ཁག་ཅིག་ཀྱང་གཞན་ཕན་དང་བྱམས་བརྩེའི་ལས་དོན་བྱེད་མཁན་སློབ་ཕྲུག་ཚོའི་མི་ཚེ་སྐྱེད་པ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ། འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེ་ཞེས་པའདི་ག་རླུང་འཕྲིན་ཁང་གི་བདུན་རེའི་འཕྲོད་བསྟེན་གྱི་ཤེས་བྱའི་ལེ་ཚན་འདིའི་ནང༌། འབྲེལ་ཡོད་ཤེས་ལྡན་མི་སྣར་གནས་འདྲི་དང་ཁུངས་ལྡན་ཞིབ་འཇུག་ཡིག་ཆ་གཞི་ལ་བཞག་ནས་བོད་ཀྱི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གོམས་གཤིས་ཡར་རྒྱས་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ཕན་ནུས་ཡོད་པའི་གནས་ཚུལ་ཁག་རྒྱང་སྲིང་ཞུ་གི་ཡོད།

  • རྒྱང་སྲིང་དུས་ཚོད། Wednesdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0400
  • ལེ་ཚན་རིང་ཐུང་། 20
  • གསན་ན། MP༣

ལོ་ཐོ།

ཀུན་གླེང་གསར་འགྱུར། 

Loading
12:00:00 / -:--:--

འབྲེལ་མཐུད་བརྒྱུད་ལམ་ཁག 

ངོ་དེབ།