རླུང་འཕྲིན། / ཆོས་རིག་ལེ་ཚན།

ཆོས་རིག་ལེ་ཚན། ལས་རིམ་འདི་གོ་སྒྲིག་ཞུ་མཁན་ཀུན་བཟང་སྒྲོལ་མ་ཡིན་ ལས་རིམ་འདིའི་ནང་ ནང་ཆོས་དང་ ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར་བཅས་ལ་མཁྱེན་རྒྱ་ཡངས་པའི་བླ་མ་ དང་ དགེ་བཤེས་ མཁས་པ་སོགས་ལ་གནས་དྲི་ཞུས་པ་དང་ དེ་བཞིན་སྐབས་རེ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་ སྤྲོད་གནང་པ་ཁག་རྒྱང་སྲིང་ཞུ་གི་ཡོད་ ལས་རིམ་དེ་གསན་ནས་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད།

  • རྒྱང་སྲིང་དུས་ཚོད། Saturdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0000
  • ལེ་ཚན་རིང་ཐུང་། 25


གཟའ་ཟླ་བ། 2013/05/13

ས་ག་ཟླ་བ།

ཨ་རིའི་གྲོང་ཁྱེར་མེ་ཊི་སིན་ནང་ཡོད་པའི་ཌི་ཡར་པག་ནང་པའི་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/05/05

བླ་བྲང་བཀྲིས་འཁྱིལ་གྱི་དགེ་འདུན་པ་ཁག་ཅིག་ཨ་རིའི་མངའ་སྡེ་ཁག་ལ་ཕེབས་ཀྱི་ཡོད་པ།

རྒྱ་གར་བྱང་ཕྱོགས་ལྡེ་ར་དུན་དུ་ཡོད་པའི་བྱེས་ཀྱི་བླ་བྲང་བཀྲིས་འཁྱིལ་གྱི་དགེ་འདུན་པ་ཁག་ཅིག་གིས་ཕྱི་ཟླ་ལྔ་པའི་ཟླ་སྟོད་ནས་དབུ་འཛུགས་གནང་སྟེ་ཨ་རིའི་མངའ་སྡེ་ཁག་ལ་རྡུལ་མཚོན་དཀྱིལ་འཁོར་བཞེངས་རྒྱུ་དང་ དེ་བཞིན་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་འཁྲབ་སྟོན་སོགས་གནང་རྒྱུ་ཡིན་པ་བཅས་ཀྱི་སྐོར་ཨ་རིའི་ཨིན་ཊི་ཡ་ནའི་མངའ་སྡེའི་ནང་ཡོད་པའི་བོད་སོག་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་ཨ་ཀྱཱ་རིན་པོ་ཆེ་ལ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/04/29

མི་དགེ་བ་བཅུའི་སྐོར།

མི་དགེ་བ་བཅུ་ངོ་སྤྲོད་དང་ དེ་བཞིན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་མ་སྲུང་པ་ཡིན་ན་ འབྲས་བུ་ངན་པ་ག་རེ་ཡོང་གི་ཡོད་མེད་སྐོར་ཨ་རིའི་ཝི་སི་ཁོན་སིན་མངའ་སྡེའི་གྲོང་ཁྱེར་མེ་ཊི་སོན་ནང་ཡོད་པའི་དྲི་ཡར་པག་ནང་པའི་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/04/21

ལྡི་ལིར་ཡོད་པའི་བོད་ཁང་གི་སྐོར།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་བོད་ཁང་གི་རྒྱུན་དུ་ལས་དོན་གནང་ཕྱོགས་སྐོར་ བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་འགྲམ་འདུལ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/04/07

བྱང་ཆུབ་སེམས་ཀྱི་ཕན་ཡོན།

རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/03/31

རྩ་རླུང་སྒོམ་གྲུབ་ཉམས་ལེན་བྱས་ཏེ་ནད་གཞི་དྲག་སྐྱེད་བྱུང་བའི་དུམ་བུ་གཉིས་པ།

,


གཟའ་ཟླ་བ། 2013/03/25

རྩ་རླུང་སྒོམ་གྲུབ་ཉམས་ལེན་བྱས་ཏེ་ནད་གཞི་དྲག་སྐྱེད་བྱུང་བའི་སྐོར།

གློ་ནད་ཀྱི་ནང་གཞི་TBདང་ Diabetes ཞེས་པའི་གཅིན་པ་མངའ་གྱུར་གྱི་ནད་གཞི་ དེ་བཞིན་Gangrene ཞེས་པའི་རྨ་ཁ་རུལ་ནས་ལུས་ཀྱི་ཆ་ཤས་ནུས་མེད་དུ་གྱུར་བའི་ནད་གཞི་བཅས་ཀྱི་མནར་བ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཞུགས་མཁན་འཕགས་སྐྱབས་རིན་པོ་ཆེ་ཡིས་ཟླ་བ་མང་པོ་རྩ་རླུང་སྒོམ་གྲུབ་ཉམས་ལེན་གནང་བར་བརྟེན་ཁོང་དྲག་སྐྱེད་བྱུང་བའི་སྐོར་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/03/17

བོད་དང་འབྲུག་ཡུལ།

རྡ་རམ་ས་ལར་ཡོད་པའི་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་འཇམ་དབྱངས་རྡོ་རྗེ་ལགས་གཏན་ཞལ་གཉིས་ཀྱིས་འབྲུག་ཡུལ་དུ་གནས་གཟིགས་ལ་ཕེབས་ཏེ་མྱོང་ཚོར་ཇི་བྱུང་རྩོམ་ཡིག་བྲིས་རྩོམ་གནང་ཡོད་པ་དེ་འབྲུག་ཡུལ་གྱི་ཀུན་གསལ་གསརཤོག་དང་ འབྲས་ལྗོངས་ཀྱི་གསར་ཤོག་ དེ་བཞིན་ཧི་མ་ལ་ཡའི་གསར་ཤོག་སོགས་ཀྱི་ནང་ཐོན་ཡོད་པ་ལྟར་ འཇམ་དབྱངས་ལགས་སུ་བོད་དང་འབྲུག་ཡུལ་གྱི་འབྲེལ་བ་དང་ འབྲུག་ཡུལ་དུ་ཡོད་པའི་ནང་པའི་གནས་ས་ཁག་གི་སྐོར་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད། Kunsang Dolma interviewed Jamyang Dorjee, a former director of Tibetan Institute of Performing Art, on his recent trip to Bhutan for a pilgrimage. Jamyang Dorjee’s article about his memorable experience in Bhutan was published in several newspapers such as Bhutanese daily Kunsel, and Sikkim Express. He says that the most emotional experience was that when he and his wife visited Jampa Lhakhang of Bhutan which was commissioned by Tibet’s great king Songtsen Gampo in the 7th century. The guide at the temple told him that the Tibetan King Sangtsen Gampo had actually commissioned 108 such Lhakhangs (temples), but today only two have survived: one in Bumthang and the other in Paro. He was also told that when Tibet was occupied by China in 1959, the two dragon carvings behind the statue shed tears of blood for many days and one can actually see the traces of the tears to this day, Jamyang Dorjee added.


གཟའ་ལྷག་པ། 2013/03/13

བོད་དང་འབྲས་ལྗོངས་ཀྱི་འབྲེལ་བ།

རིང་མིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་འབྲས་ལྗོངས་སུ་ཆིབས་བསྒྱར་བསྐྱང་འཆར་ཡོད་པའི་དུས་ཚོད་དང་སྟབས་བཏུན་ཏེ་དེ་ཁུལ་དུ་བཞུགས་མཁན་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་འཇམ་དབྱངས་རྡོ་རྗེ་ལགས་སུ་འབྲས་རྗོངས་མངའ་སྡེའི་སྐོར་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/03/03

རྟེན་འབྲེལ་སྐོར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་ཅིང་འབྲེལ་བ་འབྱུང་བའི་གོ་དོན་འགྲེལ་བཤད་གནང་བའི་དུམ་བུ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/02/24

ཆོ་འཕྲུལ་དུས་ཆེན།

ཨ་མི་རི་ཀའི་གྲོང་ཁྱེར་མེ་ཊི་སན་ནང་རྟེན་གཞི་བྱས་པའི་Deer Parkནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཆོ་འཕྲུལ་དུས་ཆེན་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།


གཟའ་སྤེན་པ། 2013/02/23

ཆོ་འཕྲུལ་དུས་ཆེན།

ཨ་མི་རི་ཀའི་གྲོང་ཁྱེར་མེ་ཊི་སན་ནང་རྟེན་གཞི་བྱས་པའི་Deer Parkནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཆོ་འཕྲུལ་དུས་ཆེན་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/02/18

ཇོ་ནང་ཆོས་བརྒྱུད།

ཨ་རིའི་མངའ་སྡེ་ཝ་ཇི་ནི་ཡའི་གྲོང་ཁྱེར་ཤར་ལོ་སི་ཝེལ་ནང་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཁན་པོ་ངག་དབང་ལགས་སུ་བོད་ཀྱི་ཇོ་ནང་ཆོས་བརྒྱུད་ཀྱི་ཐད་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/02/11

༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དེ་སྔོན་ཆོས་འཁྲུལ་སྨོན་ལམ་ཆེན་མོའི་སྐབས་ཤིག་ལ་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བའི་དུམ་བུ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/02/03

བླ་མའི་རྣལ་འབྱོར།

ཨ་རིའི་གྲོང་ཁྱེར་བྷོ་སོ་ཊོན་དུ་ཡོད་པའི་ཀུ་རུ་ཀུལ་ནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་ངག་དབང་བསྟན་འཛིན་ལགས་ཀྱིས་བླ་མའི་རྣལ་འབྱོར་གྱི་གོ་དོན་དང་ ཉམས་ལེན་བྱེད་སྟངས་སྐོར་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/01/28

རྟེན་འབྲེལ་ཡན་ལག་བཅུ་གཉིས།

སྲིད་པ་འཁོར་ལོའི་མཚོན་དོན་སྐོར་ཨ་རིའི་མངའ་སྡེ་མེ་རི་ལེན་ཊ་ནང་ཡོད་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཟླ་བ། 2013/01/21

མཐོའི་ལྡིང་དགོན་པའི་ལོ་རྒྱུས་དང་ རྩ་ཆེའི་ནང་རྟེན།

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མུན་གྷོ་ཊི་ནང་ཡོད་པའི་ལོ་རྒྱུས་ལྡན་པའི་མཐོ་ལྡིང་དགོན་པ་དང་ དེའི་ནང་རྟེན་སྐོར་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།


གཟའ་ཉི་མ། 2013/01/13

བྱང་ཆུབ་ལམ་རིམ།

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མུན་སྒོ་ཊིར་ཡོད་པའི་བྱེས་ཀྱི་དགོན་སྡེ་དགའ་ལྡན་དང་ འབྲས་སྤུང་གཉིས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་ཆེན་མོའི་བཤད་ལུང་བཀྲིན་ཆེ་གནང་མཛད་ཡོད་པ་དང་ ལམ་རིམ་གྱི་ནང་དོན་སྐོར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་ལ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།

ཆོས་རིག་ལེ་ཚན། ལས་རིམ་འདི་གོ་སྒྲིག་ཞུ་མཁན་ཀུན་བཟང་སྒྲོལ་མ་ཡིན་ ལས་རིམ་འདིའི་ནང་ ནང་ཆོས་དང་ ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར་བཅས་ལ་མཁྱེན་རྒྱ་ཡངས་པའི་བླ་མ་ དང་ དགེ་བཤེས་ མཁས་པ་སོགས་ལ་གནས་དྲི་ཞུས་པ་དང་ དེ་བཞིན་སྐབས་རེ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་ སྤྲོད་གནང་པ་ཁག་རྒྱང་སྲིང་ཞུ་གི་ཡོད་ ལས་རིམ་དེ་གསན་ནས་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད།

  • རྒྱང་སྲིང་དུས་ཚོད། Saturdays
  • འཛམ་གླིང་གཅིག་གྱུར་གྱི་དུས་ཚོད། 0000
  • ལེ་ཚན་རིང་ཐུང་། 20

ལོ་ཐོ།

ཀུན་གླེང་གསར་འགྱུར། 

Loading
12:00:00 / -:--:--

འབྲེལ་མཐུད་བརྒྱུད་ལམ་ཁག 

ངོ་དེབ།