ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རེབ་གོང་དུ་སྐལ་བཟང་སྦྱིན་པས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་སྟེ་གྲོངས་འདུག


སྤྱི་ཟླ་༡༡་པའི་ཚེས་༨ཉིན་བོད་མདོ་སྨད་རེབ་གོང་གི་ན་གཞོན་ལོ་ན་༡༨་ལ་སོན་པ་སྐལ་བཟང་སྦྱིན་པ་ལགས་ཀྱིས་རས་དཀར་པོ་ཞིག་གི་ཐོག ༼༧རྒྱལ་བ་རིན་པོ ཆེ་བོད་ལ་གདན་འདྲེན་ཞུ་དགོས།༽ ༼མི་རིགས་འདྲ་མཉམ་ཡིན་༽ཞེས་ཁོང་རང་གིས་ལག་བྲིས་གནང་བའི་འཕྲེད་དར་ཞིག་བཟུང་ནས་རང་ལུས་མེར་བསྲེགས་བཏང་འདུག་ལ། ཁོང་རང་ལུས་མེར་བསྲེགས་གཏོང་ས་དེ་རང་ལ་འདས་གྲོངས་སུ་སོང་བ་དང་ རྗེས་མི་མང་སྟོང་ཕྲག་མང་པོས་ཁོང་གི་སྐུ་ཕུང་ལ་བདག་པོ་བརྒྱབས་ཏེ་སྨོན་ལམ་གསུངས་ཡོད་འདུག

ད་ལྟའི་ཆར་དེ་རིང་རང་ལུས་མེར་བསྲེགས་གཏོང་མཁན་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ས་སྒྲོལ་མ་ཐང་ཆེན་དུ་སྐུ་ཕུང་གདན་འདྲེན་ཞུ་བར་ཕ་མདོ་བ་ཞང་གི་འབྲོག་སྡེའི་སྐྱེས་པ་ཚོ་ཕྱིན་པའི་རྗེས། མདོ་བ་ཞང་གི་འབྲོག་མོ་ཉིས་བརྒྱ་ལྷག་དང་སློབ་གྲྭའི་སློབ་ཕྲུག་ཚོས་མཉམ་དུ་སློབ་གྲྭའི་ནང་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་རྗེས། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག། ཡང་དེ་རིང་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སའི་རེབ་གོང་གི་སྒྲོལ་མ་ཐང་ཆེན་དང་སྐུ་ཕུང་གདན་འདྲེན་ཞུ་ས་གདོང་རྒྱ་ཀླད་ཅེས་པའི་ཐག་ཉེ་རུ་བོད་མི་མང་ཚོགས་སྟོང་ཕྲག་བདུན་བརྒལ་བ་འཛོམས་པས། ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོང་ནས་མི་མང་གི་འགྲོ་ལམ་བཀག་འགོག་བྱེད་བཞིན་པ་སོགས་ཀྱིས་རྐྱེན་པས་མི་མང་དང་ཉེན་རྟོག་པ་བར་འཁྲུགས་འཛིངས་ཡོང་དོགས་བོད་མི་ཚོས་བློ་འཚབ་བྱེད་ཀྱིན་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG