ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ང་ཚོའི་དྲ་ངོས་གསར་པ་འཇུག་ངོགས་བདེ་ཞིང་སྣང་བརྙན་ཇེ་གསལ་དང་བགྲོ་གླེང་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་ཇེ་ཆེ། དྲ་ངོས་འདིའི་ཚན་པ་ཁག་ཅིག་གཤམ་གསལ།
༡ སྣང་བརྙན་སྣ་མང་གི་ཁྱད་ཆོས་ལྡན་པ།
པར་རིས་ཀྱིས་དོན་དག་ཅིག་བཤད་པ་བཞིན་ཚིག་དང་སྒྲས་ཀྱང་དེ་བཞིན་ཡིན། དེར་བརྟེན་ཨ་རིའི་རླུང་འཕྲིན་གྱི་དྲ་རྒྱ་གསར་པར་སྤུས་ལེགས་ཀྱི་བརྙན་པར་མང་ཞིང་། བརྙན་པར་ཐོག་ཏུ་མནན་ན་དེའི་ཁོངས་སུ་བརྙན་པར་ཆེན་པོ་ཡོད། གཡོན་ཕྱོགས་ཀྱི་པར་དེར་མནན་ནས་ལྟོས་དང་།
༢ འཇུག་ངོགས་བདེ་བ།
ང་ཚོས་མུ་མཐུད་དུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་སྤེལ་པའི་གསར་འགྱུར་རྣམས་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་སྤེལ་པའི་བོད་དོན་གསར་འགྱུར། དེ་བཞིན་ང་ཚོའི་གསར་འགྱུར་མཁོ་གཏོང་བ་ཚོས་བཏང་བའི་བོད་ཕྱི་ནང་གི་གསར་འགྱུར་བཅས་གཞིར་བཞག་སྟེ། རྣམ་པ་ཚོར་འབྲེལ་ཆགས་ཀྱི་གསར་འགྱུར་རྣམས་དུས་ཐོག་ཏུ་རྒྱུན་སྤེལ་བྱ་རྒྱུ་དང་། དྲ་རྒྱ་འདིར་མདོ་དོན་དཀྱུས་གཅིག་ཏུ་བསྒྲིལ་ཏེ་རྣམ་པ་ཚོ་མཉེས་ཤོས་ཀྱི་བརྗོད་བྱ་ཁག་གོ་བདེ་བར་སྒྱུར་ཡོད།
༤ འཚོལ་ཐབས་ལེགས་བཅོས།
ད་དུང་ཡང་འཚོལ་བྱ་དེ་རྙེད་མ་སོང་ངམ། ང་ཚོའི་ལེགས་བཅོས་བྱས་པའི་འཚོལ་ཞིབ་ལ་ཚོད་ལྟ་བྱོས་དང་། འཚོལ་བྱ་ཇི་བཞིན་མྱུར་དུ་རྙེད་པའི་དགེ་མཚན་ཆེ།
༥ དྲ་རྒྱ་འདི་དབྱིན་བོད་གཉིས་ཀར་ཡོད།
ང་ཚོར་དབྱིན་བོད་སྐད་ཡིག་གཉིས་ཀའི་དྲ་རྒྱ་གསར་པ་ཡོད། འདི་ལ་མནན་ན་དབྱིན་བོད་སྐད་ཡིག་ང་རུང་འཚོལ་ཐུབ།
རྣམ་པ་ཚོའི་དགོངས་འཆར་ང་ཚོར་གསུང་རྒྱུ་དང་། ང་ཚོའི་དྲ་རྒྱའི་རྣམ་པ་གསར་པ་དང་བསམ་འཆར། དྲི་བ་སོགས་ཡོད་ན་གཤམ་གསལ་ཕྲུལ་སྒྲ་དང་ངོ་དེབ་སོགས་བརྒྱུད་ནས་མཆན་འགོད་གནང་སྐྱོང་ཡོད་པ་ཞུའོ།​

དཔྱད་བརྗོད་འཆར་སྟོན།

XS
SM
MD
LG