ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིས་སི་རི་ཡའི་ཕྱོགས་འགལ་མནའ་མཐུན་ངོས་འཛིན།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མའི་ཆབ་སྲིད་འཛིན་སྐྱོང་ཁང་གིས་གཟའ་མིག་དམར་ཉིན་སི་རི་ཡའི་ཕྱོགས་འགལ་བའི་རྒྱལ་ཡོངས་མནའ་སྦྲེལ་མཐུན་ཚོགས་དེ་སི་རི་ཡའི་མི་མང་གི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་སུ་ངོས་འཛིན་བྱས་ཡོད། ཨ་རིའི་ཐག་ཆོད་དེ་ནི་སི་རི་ཡ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུའི་སྔོན་ལ་བྱུང་བ་ཞིག་ཆགས་ཡོད་པ་དང་། ཕྱོགས་མཚུངས་མནའ་སྦྲེལ་མཐུན་ཚོགས་དེར་ཨིན་ཡུལ་དང་། ཕ་རན་སི། ཐིར་ཁི། གྷོཕ་མཚོ་ཁུག་གི་མཉམ་འབྲེལ་སྒྲིག་འཛུགས་བཅས་ཀྱིས་ངོས་འཛིན་ཐོབ་པའི་ཐོག་ད་ཆ་ཨ་རིའི་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད། དེ་དོན་པདྨ་བདེ་ཆེན་ལགས་ཀྱིས་ངོ་སྤྲོད་ཞུ་རྒྱུ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG