ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་དོན་གལ་ཆེ་ཁག་ཅིག་ངང་སྒུག་བྱེད་བཞིན་ཡོད་པ།


ཨརིའི་སྲིད་འཛིན་གྱི་འོས་བསྡུའི་མཚམས་རྡོ་ཞིག་ལ་སླེབས་ལ་ཉེ་བ་ཡིན་པ་དེ་ནི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀས་རྒྱལ་ཡོངས་འོས་མི་གཏན་འབེབས་ཀྱི་ཚོགས་ཆེན་འཚོག་རྒྱུ་དེ་ཡིན་པ་ལྟར་ གཟའ་འཁོར་རྗེས་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་འཚོག་རྒྱུ་ཡིན་པ་དང་་དེ་ནས་དམངས་གཙོ་ཚོགས་པའི་ཚོགས་ཆེན་དེ་ཕྱི་ཟླ་དགུ་པའི་ཚེས་ཤར་ལ་འཚོག་གི་ཡོད་པ་རེད། ཉིན་གྲངས་བཞི་རེའི་ཚོགས་ཆེན་ཚར་བའི་རྗེས་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཁག་འགོ་འཛུགས་བྱ་རྒྱུ་ཡིན་པ་མ་ཟད་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱི་ཀྱང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།
XS
SM
MD
LG