ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྤྱི་མཐུན་ཚོགས་པ་དང་དེའི་སྲིད་འཛིན་འོས་མི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ནང་ལོ་བཞི་རེའི་མཚམས་སུ་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་པ་དང་། དེང་སྐབས་སྲིད་འཛིན་ལས་ཐོག་བྷ་རག་ ཨོ་བྷ་མ་དང་ཁོང་གི་ཁ་གཏད་དུ་ངེས་པ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མིཏ་ རོམ་ནི་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་རྣོ་ངོར་ཆེན་པོས་གནང་བཞིན་པ་མ་ཟད། གཟའ་འཁོར་འདི་ནས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་ངོ་སྤྲོད་ཀྱི་རྒྱལ་ཡོངས་ཚོགས་འཛོམས་གནང་གི་ཡོད་རེད། རེས་གཟའ་མིག་དམར་ཉིན་སྐུ་ཞབས་མིཏ་ རོམ་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འིས་མིར་དངོས་གཞིའི་གཏན་འཁེལ་གསལ་བསྒྲགས་གནང་ཡོད་པ་དང་། སང་ཉིན་སྲིད་འཛིན་འོས་མིར་ངོས་ལེན་གཏམ་བཤད་གནང་རྒྱུ་ཡིན་པ་རེད། ད་རིང་གི་ཀུན་གླེང་བགྲོ་གླེང་ལེ་ཚན་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་སྐུ་བགྲེས་ཚེ་བརྟན་དབང་ཕྱུག་ལགས་གཉིས་གདན་འདྲེན་ཞུས་ནས་སྤྱི་མཐུན་ཚོགས་པའི་ལྟ་གྲུབ་དང་ཁྱད་ཆོས། དེ་བཞིན་སྲིད་འཛིན་འོས་མི་མིཏ་ རིམ་ནི་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

Watch Kunleng (Windows)


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG