ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱིས་ཨེ་ཤི་ཡ་ནང་གསར་སྐྱེས་བྱིས་པའི་དེབ་འགོད་དཀའ་ངལ་ཐེར་འདོན།


ཐེ་ལནཌ་ཡི་རྒྱལ་ས་བྷེང་ཀོག་ནང་འཚོག་བཞིན་པའི་ཉིན་གཉིས་རིང་གི་ཚོགས་ཆེན་སྟེང་འཛམ་གླིང་གི་མི་འབོར་སྡོམ་བཤེར་བ་དང་དཔལ་འབྱོར་རིག་པ་བ་༥༠་ཙམ་ཞིག་གི་ཁར། རྒྱལ་ཚོགས་ཀྱི་མི་སྣ་དང་སྤྱི་དམངས་ཀྱི་ཚོགས་སྡེ་ཁག་གི་འགོ་ཁྲིད་བཅས་བརྒྱ་སྐོར་གཅིག་ཙམ་ཆེད་འཛོམས་ཐོག་ཨེ་ཤི་ཡ་གཙོ་བོར་གྱུར་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་གསར་སྐྱེས་ཕྲུ་གུ་མང་པོ་དེབ་འགོད་མེད་པར་ལུས་པའི་རྐྱེན་གྱིས་བུ་ཕྲུག་དེ་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་། འཕྲོད་བསྟེན་སྨན་བཅོས། རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་དོན་འཆར་གཞི་ཁག་གི་ཁེ་ཕན་ཐོབ་ཀྱི་མེད་པའི་སྐོར་ཐེར་འདོན་བྱས་ཡོད། པདྨ་བདེ་ཆེན་ལགས་ཀྱིས་ཞིབ་ཏུ་ངོ་སྤྲོད་ཞུ་རྒྱུ་རེད།

XS
SM
MD
LG