ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱིས་བོད་པའི་དཀའ་ངལ་སེལ་དགོས་ཞེས་རྒྱ་ནག་ལ་འབོད་སྐུལ།


བོད་ནང་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་རྒྱུ་ཇེ་མང་དུ་སོང་སྟེ། ཕྱི་ལོ་༢༠༠༩་ནས་བོད་ནང་ལོགས་སུ་མི་༦༢་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བ་དང་། ཕྱི་ཟླ་༡༡་ཚེས་༢་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གྱིས་རྒྱ་ནག་གཞུང་ལ་བོད་མི་དམངས་ཀྱི་དཀའ་སྡུག་མྱུར་དུ་སེལ་ཐབས་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG