ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་འགྲོ་བ་མིའི་གནས་སྟངས་ཐོག་དབྱིན་ཇིའི་ཐུགས་ཚབ་གནང་གི་ཡོད་པ།


རྒྱ་ནག་གཞུང་གིས་བོད་ཐོག་དྲང་བདེན་གྱི་སྲིད་བྱུས་ཤིག་འཛིན་དགོས་པ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོཌ་ཀྱི་དགོས་འདུན་སྟོན་ཏེ་ད་ལྟ་བར་དུ་བོད་མི་༩༤་རང་ལུས་མེར་མེར་བསྲེགས་བཏང་ཡོད་པའི་རྐྱེན་གྱིས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་མུས་ཡིན་པའི་སྐབས་འདིར། དབྱིན་ཇིའི་ཕྱི་སྲིད་ལས་ཁུང་གིས་དམིགས་བསལ་གསར་འགོད་གསལ་བསྒྲཌ་ཤིག་སྟོན་གནང་སྟེ། བོད་ནང་གི་གནས་སྟངས་སྡུག་ཏུ་འགྲོ་བ་དང་། ལྷག་དོན་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེཌ་གཏོང་གི་ཡོད་པ་དེར་ཐུགས་ཚབ་ཆེན་པོ་གནང་གི་ཡོད་ལུགས་གསུངས་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG