ངོ་འཕྲད་བདེ་བའི་དྲ་འབྲེལ།

རེབ་གོང་དུ་སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱས་ཡོད་པ།


སྤྱི་ཟླ་༡༡པའི་ཚེས་༡༢་ཉིན། བོད་མདོ་སྨད་རེབ་གོང་མདོ་བ་ས་ཁུལ་དུ་ཞིང་ཆེན་དང་རྫོང་ རིམ་པའི་དམར་ཤོག་འགོ་ཁྲིད་རྣམས་ཡོང་ནས། མདོ་བ་ཞང་དུ་སྔ་ཕྱིར་རང་ལུས་མེར་བསྲེགས་ཏེ་རང་སྲེག་ངོ་རྒོལ་བྱེད་དོན་རྩད་ཞིབ་བྱས་པ་དང་ལྷག་པར་དུ་མེས་རྒྱལ་ལ་དགའ་ཞེན་དགོས་པ་སོགས་ཀྱི་གཏམ་བཤད་བྱས་ཏེ་ཕྱིར་ལོག་བྱས་པའི་རྗེས། མདོ་བ་སྒྲོ་རོང་བོ་སྡེ་བའི་གད་དམར་ཐང་གི་སློབ་གྲྭའི་ནང་དུ་བོད་མི་ལོ་ན་༢༤་སོན་པ་སྙིང་དཀར་བཀྲ་ཤིས་དང་། དེ་ནས་མདོ་བ་ཞང་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་བོད་མི་ལོ་ན་༡༩ཅན་གྱི་སྙིང་ལྕགས་བྱམས་གཉིས་ཀྱིས་སྔ་ཕྱིར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་འདུག སྙིང་དཀར་བཀྲ་ཤིས་ལགས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད་པ་དེའི་ནང་དུ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་བསྐུལ་བྱས་པའི་ ཐོག་བོད་མི་ཚོས་བོད་སྐད་ཤོད་དགོས་པ་དང་བོད་ཆས་གྱོན་དགོས་པ་སོགས་ཀྱི་འབོད་བསྐུལ་ཡང་ཞུས་འདུག རེབ་གོང་མདོ་བ་ཞང་དུ་རྒྱ་ནག་གཞུང་གི་ས་གནས་མཐོ་རིམ་དམར་ཤོག་དཔོན་རིགས་ཚོས་ས་གནས་བོད་མི་ལས་བྱེད་པ་ཚོར་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱེད་དགོས་དོན་རྒྱུ་མཚན་གང་ཡིན་མིན་སོགས་ཀྱི་ཐད་བསམ་ཚུལ་བསྡུས་ལེན་བྱས་པར། ས་གནས་གཞུང་གི་བོད་མི་ལས་བྱེད་ཅིག་གིས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་མི་ཆོག་པ་དང་། ༧པན་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་མེད་པ། བོད་ལ་རང་དབང་མེད་པ་སོགས་ཀྱིས་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་རེད་ཅེས་བསམ་ཚུལ་བཏོན་ཡོད་པ་སོགས་གནས་ཚུལ་ཞིབས་ཕྲ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣ་ཚོར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་བྱས་ཡོད་པ་ཞིག་ལ་གསན་རོགས་གནང་།

XS
SM
MD
LG