ངོ་འཕྲད་བདེ་བའི་དྲ་འབྲེལ།

རྐྱང་ཚའི་མགར་གདོང་སྡེ་བའི་ན་གཞོན་གཉིས་ཀྱིས་རང་སྲེག་ངོ་རྒོལ།


རང་ལོ་༡༧་ལ་སོན་པའི་བོད་པ་ན་གཞོན་རིན་ཆེན།

རང་ལོ་༡༧་ལ་སོན་པའི་བོད་པ་ན་གཞོན་རིན་ཆེན།

ཕྱི་ལོ་༢༠༡༣་ལོའི་ཟླ་བ་༢་ཚེས་༡༩་ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་༩་དང་ཕྱེད་ཀ་ཡས་མས་སུ་དེང་སྐབས་རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ། མཛོད་དགེ་རྫོང་གི་རྐྱང་ཚ་ཡུལ་ཚོ། མགར་གདོང་སྡེའི་བའི་རང་ལོ་༡༧་ལ་སོན་པའི་བོད་པ་ན་གཞོན་རིན་ཆེན་དང་རང་ལོ་༡༨་ལ་སོན་པའི་བསོད་ནམས་དར་རྒྱས་གཉིས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་ཅིང་། རང་སྲེག་ངོ་རྒོལ་བ་དེ་དག་གི་ཕུང་པོ་ཕ་མ་དང་ནང་མི་ཚོའི་ལག་ཏུ་ཐོབ་ཡོད་པ་མ་ཟད། འདས་པོ་དེ་དག་ལ་བོད་པའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ལྟར་མཆོད་འབུལ་དང་ཕུང་པོ་དུར་སར་སྐྱེལ་ཐུབ་པའི་གྲ་སྒྲིག་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་ཁུལ་ལ་འབྲེལ་མཐུད་ཀྱི་དམ་དྲག་ཆེ་དྲགས་པ་དང་། ལྷག་པར་དུ་ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོར་བསམ་བཞིན་བསད་པའི་ནག་ཉེས་བཙུགས་ནས་ཁྲིམས་གཅོད་བྱེད་ཀྱི་ཡོད་པས། རིན་ཆེན་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་བའི་སྐབས་སུ་སྐད་འབོད་ཅི་ཞིག་བྱས་ཡོད་མེད་དང་། ཁོང་ཚོའི་ཕུང་པོ་རྒྱ་གཞུང་གི་ཉེན་རྟོག་པས་འཕྲོག་འཁྱེར་བྱས་མ་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG