སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ སུད་བོད་མཛའ་གྲོགས་ཚོགས་པ་གཉིས་མཉམ་འབྲེལ་གྱི་ཐོག་ནས་སུད་སི་གཞུང་ལ་བོད་དོན་དང་འབྲེལ་བའི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་ སྙན་ཞུ་དེའི་ནང་སུད་སི་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་ལང་ཕྱོགས་ཇི་ཡིན་གསལ་བཤད་གནང་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།