ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་སྲེག་ངོ་རྒོལ་བ་ཚོའི་གཉེན་འབྲེལ་ཚོ་འཛིན་བཟུང་།


རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་བོད་པ་མང་པོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། རང་ལུས་མེར་སྲེག་གཏོང་མཁན་བོད་པ་དེ་དག་ལ་འབྲེལ་གཉེན་ཚན་སོགས་ལ་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྐུལ་འདེད་བྱེད་མཁན་ཡིན་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་དང་བཙན་ཁྲིད་བྱེད་ཀྱིན་ཡོད་འདུག དེ་ཡང་བོད་ཀྱི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་སྐེད་སྡེ་བའི་རང་སྲེག་ངོ་རྒོལ་བ་ལྷ་མོ་ཚེ་བརྟན་ལ་ས་སྣུམ་མཁོ་སྤྲོད་བྱེད་མཁན་རེད་ཅེས་འཕགས་པ་སྐྱབས་ཞེས་པ་ཞིག་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་བཞིན་བླ་བྲང་གྲོང་ཁྱེར་དུ་རང་ལུས་མེར་སྲེག་གཏོང་མཁན་རྡོ་རྗེ་རིན་ཆེན་གྱི་ཕུང་པོར་བདག་པོ་རྒྱག་མཁན་རེད་ཅེས་བུད་མེད་གཡང་སྐྱིད་ཟེར་བ་ཞིག་ལའང་ནག་ཉེས་བཙུགས་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG