ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁ་པར་ནང་རང་སྲེག་གཏོང་མཁན་གྱི་དཔར་ཡོད་པའི་བོད་མི་ཞིག་བཙོན་འཇུག


དེང་སང་བོད་ནང་བོད་མི་རྣམས་ཀྱིས་ཉེས་མིང་སྣ་ཚོགས་ཀྱི་འོག་བཙོན་འཇུག་མྱོང་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་ཁམས་ཇོ་མདའ་རྫོང་ནས་ཡིན་པའི་བོད་མི་ན་གཞོན་ངག་དབང་སྟོབས་ལྡན་ཟེར་བའི་ལག་འཁྱེར་ཁ་པར་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔར་དང་བོད་ཀྱི་རྒྱལ་དར། རྒྱ་ནག་གིསབོད་མིར་དྲག་གནོན་བྱེད་པའི་དཔར་སོགས་ཡོད་པ་མཐོང་བར་བརྟེན་ནས་ཁོང་ལོ་གཉིས་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
XS
SM
MD
LG