ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྡི་ལི་གསར་པར་ཚུལ་ཁྲིམས་རྡོ་རྗོས་རང་སྲེག་ངོ་རྒོལ་བྱ་ཐབས།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཏུ་བོད་ནང་གི་རང་སྲེག་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་དུ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེན་སྤེལ་དགོས་པའི་སྐུལ་ལྕག་གཏོང་བར་ཁྲོམ་སྐོར་སྐབས་སུ་ལྡི་ལི་མཐོ་རིམ་སློབ་གྲྭའི་སློབ་མ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་ཐབས་བྱས་པར་ཉེན་རྡོག་པས་བཀག་འགོག་བྱས་ཐུབ་ཡོད་ཅིང་། གཤལ་ལ་ཨ རིའི་རླུང་འཕྲིན་གྱི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གཞོན་ནུའི་ལས་འགུལ་དང་ཚུལ་ཁྲིམས་རྡོ་རྗེའི་གནས་སྟངས་བཅས་གནས་ཚུལ་པ་ཞིག་གསན་རོགས་གནང་།།

XS
SM
MD
LG