ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རང་ལུས་མེར་བསྲེགས་གཏོང་འཆར་ངང་དུག་བཏུང་འདས་གྲོངས་སུ་གྱུར་བ།


བོད་མདོ་སྨད་ཀླུ་ཆུ་ས་ཁུལ་གྱི་བོད་ན་གཞོན་ལོ་༡༧ཡིན་པ་འཇིགས་བྱེད་སྐྱབས་ཀྱིས་རང་ལུས་མེར་བསྲེགས་གཏོང་འཆར་གྱིས་ཁ་ཆེམས་ཡི་གེ་བཞག་ཡོད་པ་དང་། ཚེས་༡༩ཉིན་འཇིགས་བྱེད་སྐྱབས་རང་ལུས་མེར་བསྲེགས་གཏོང་བར་གྲ་སྒྲིག་བྱས་ཏེ་དུག་བཏུང་བ་དང་མེར་བསྲེགས་གཏོང་འཆར་གྱི་ས་གནས་སུ་ལག་ཏུ་མེ་ཆ་དང་རྡོ་སྣུམ་འཛིན་ཏེ་འདས་གྲོངས་སུ་སོང་ཡོད། ཁོང་གི་ཁ་ཆེམས་ཡི་གེའི་ནང་དུ་དྲིན་ཆེན་ཕ་མས་གཙོས་པའི་ནང་མི་སྤུན་ཟླ་ཚོར་བཀའ་དྲིན་ཆེ་ཞུས་པ་དང་། ལྷག་དོན་དུ་སྐྱེ་བ་རྗེས་མར་ཕ་མ་གཉིས་ཀྱི་བཀའ་དྲིན་མཇལ་རྒྱུ་ཡིན་པ་དང་། ཡང་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཡར་ལངས་དགོས་པ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་བྲིས་ཡོད་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG