ངོ་འཕྲད་བདེ་བའི་དྲ་འབྲེལ།

རྩེ་ཁོག་ཏུ་སློབ་མ་བུ་མོ་ཞིག་གིས་རང་སྲེག་ངོ་རྒོལ་བྱས་འདུག


བོད་ཀྱི་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་། རྡོ་དཀར་མོ་ཞང་གི་འབྲོག་ཕྱོགས་སུ་རང་ལོ་༡༧་ཡིན་པའི་བུ་མོ་བན་ཆེན་སྐྱིད་ཀྱིས་ཕྱི་ཚེས་༩་ཉིན་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་ཅིང་། བན་ཆེན་སྐྱིད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག བོད་མི་རིགས་ཁྲི་ལོར་ཤོག་ཅེས་མེ་ལྕེ་འབར་བཞིན་པའི་ཁྲོད་དུ་སྐད་འབོད་བྱས་པ་མཐའ་འཁོར་གྱི་བོད་པ་ཚོས་གོ་ཐོས་བྱུང་སྟེ་འགྲེལ་བརྗོད་བྱས་ཡོད་པ་དང་། བན་ཆེན་སྐྱིད་ནི་རྩེ་ཁོག་རྫོང་སློབ་འབྲིང་གི་དམའ་རིམ་འཛིན་གྲྭ་དང་པོའི་སློབ་མ་ཞིག་ཡིན་འདུག
XS
SM
MD
LG