ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མདོ་ཀླུ་ཆུའི་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ།


ཁ་སང་ཚེས་༢༢་ཉིན་གྱི་དགོང་མོར་བོད་ཀྱི་མདོ་སྨད་ཀླུ་ཆུ་རྫོང་། དཔལ་སྒུར་སྡེ་བའི་བོད་པ་ན་གཞོན་རང་ལོ་༢༣་ཡིན་པ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་ཅིང་། མདང་དགོང་མཚན་གྱི་ཆུ་ཚོད་བཅུ་བའི་རྗེས་ཙམ་ལ་སྡེ་འདབས་སུ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་སྡེ་མི་ཚོས་རྩྭ་ཕུང་ཞིག་ལ་མེ་འབར་པའི་ངོས་འཛིན་གྱིས་མེ་ལྕེ་འབར་བཞིན་པའི་ས་གནས་ལ་བསླེབས་དུས་གཞི་ནས་སྡེ་མི་ཚོས་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ་བྱས་ནས་འདས་གྲོངས་སུ་ཕྱིན་པ་ཤེས་རྟོགས་བྱུང་འདུག་པ་མ་ཟད། ད་ལྟ་ཀླུ་ཆུ་ཤིས་ཚང་དགོན་པའི་གྲྭ་དམངས་དང་ཀླུ་ཆུའི་ཡུལ་མི། གཞན་ཡང་ཉེ་འཁོར་གྱི་ས་གནས་ཁག་གི་བོད་མི་ཚོ་རྟ་མགྲིན་སྐྱབས་ཚང་ལ་འཛོམས་ཏེ་གདུང་སེམས་མཉམ་སྐྱེད་དང་མཆོད་མེ་འབུལ་བ། བསྔོ་བ་དང་སྨོན་ལམ་འདོན་མཁན་མི་ཚོགས་ཇེ་མང་དུ་སོང་སྟེ། ས་གནས་ཉེན་རྟོག་པ་ཚོས་མི་མང་བཀག་འགོག་བྱེད་ཀྱིན་ཡོད་པའི་གནས་ཚུལ་བྱུང་འདུག་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG