ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ནང་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པ།


ཕྱི་ཟླ་༢་ཚེས་༡༣་ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་དུ་བོད་པ་གྲྭ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་ལུས་པོ་བརྒྱ་ཆ་༩༦་ལྷག་འཚིག་ཚར་ཡོད་པ་མ་ཟད། སྨན་པ་ཚོས་བཤད་ན་རང་ལུས་མེར་སྲེག་གཏོང་མཁན་དེ་འཚོ་གནས་ཐུབ་པའི་རེ་བ་མེད་མེད་པ་དང་། ད་སྔ་མི་དེ་སུ་ཡིན་མིན་དང་མིངཅི་ཞིག་ཟེར་གྱི་ཡོད་མེད། ད་དུང་མི་དེའི་ལོ་ཚད་སོགས་ཤེས་རྟོགས་གསལ་བོ་ཞིག་ཐུབ་ཀྱི་མེད་ཀྱང་། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གི་འགན་འཛིན་སུ་དིབ་པཱ་ཏག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། མི་དེའི་མིང་དོན་གྲུབ་བློ་གསལ་ཟེར་པ་དང་ཉིན་ཤས་གོང་དུ་རྒྱ་གར་ནས་བལ་ཡུལ་ལ་ཡོང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ས་གནས་ཀྱི་མི་སྣ་ཁག་གཅིག་ལ་གནས་འདྲི་བྱས་ཏེ་ཕྱོགས་བསྒྲིགས་གནང་བ་ཞིག་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG