ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀླུ་འབུམ་རྒྱལ་གྱིས་རང་སྲེག་ངོ་རྒོལ།


རྒྱ་ནག་གི་གཞུང་གཉེར་ཤིང་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཐུང་རེན་རྫོང་གི་མདོ་བ་ཤང་དུ་གཟའ་ཕུར་བུའི་ཕྱི་དྲོར་ས་གནས་ཀྱི་ཆུ་ཚོད་༤་དང་ཕྱེད་ཀ་ཡས་མས་སུ་རང་ལོ་༡༨་ལ་སོན་པ་ཀླུ་འབུམ་རྒྱལ་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཙམ་ལས་དེ་མིན་གྱི་རྒྱས་བཤད་གང་ཡང་བྱས་མེད་ཅིང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་ལ་གདུག་རྩུབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་པ་དེར་བོད་པ་ཚོས་ངོ་རྒོལ་བྱས་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་སྤྲོད་དགོས། བོད་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་སྐད་འབོད་བྱས་ནས་རང་ལུས་མེར་སྲེག་བཏང་འདུག འདི་ནི་ཕྱི་ལོ་༢༠༠༩་ནས་བོད་ནང་ལོགས་གཅིག་པུར་རང་ལུས་མེར་སྲེག་བཏང་བ་༧༩་པ་ཡིན་པ་མ་ཟད། ད་ལྟ་རྒྱ་ནག་གཞུང་གིས་རེབ་གོང་ཁུལ་དུ་དྲག་ཆས་དམག་དཔུང་དམག་ཕོན་ཆེ་ཞིག་འགྲེམ་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡིན་པའི་གནས་ཚུལ་ཐོན་འདུག
XS
SM
MD
LG