ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ནང་རང་ལུས་མེར་སྲེིག་གཏོང་མཁན་བོད་མི་དེ་འདས་གྲོངས་སུ་གྱུར་འདུག


ཁ་ས་ཚེས་བོད་ཚེས་༣་ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་དེ་མདང་དགོང་མཚན་མོ་ཆུ་ཚོད་༡༠་དང་ཕྱེད་ཀའི་ཐོག་སྨན་ཁང་ནང་འདས་གྲོངས་སུ་སོང་འདུག་པ་དེའི་མིང་ལ་སྒྲུབ་ཚེ་ཟེར་བ་དང་རང་ལོ་ཉི་ཤུ་རྩ་ལྔ་ཡིན་འདུག སྒྲུབ་ཚེ་ལགས་ནི་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་སྡེ་བ་ནས་ཡིན་པ་དང་། ཁོང་ཕྱི་ཟླ་དང་པོ་ནང་བོད་ནས་བལ་ཡུལ་དུ་འབྱོར་འདུག་པ་བཅས་ཀྱི་ སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG