ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག


ཕྱི་ལོ་༢༠༡༢་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

ཕྱི་ལོ་༢༠༡༢་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

ཨ་མི་རི་ཀར་བརྟེན་གཞི་བཅས་པའི་རང་དབང་ཞིབ་འཇུག་ཁང་གིས་ཕྱི་ལོ་༢༠༡༢་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་ཡོད་པ་དང་། ད་ལོའི་སྙན་ཐོ་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་སྤྱི་དམངས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། མང་ཚོགས་ཀྱི་ཆོས་དད་རང་དབང་གཏམ་བརྗོད་རང་དབང་གཏན་ནས་མེད་པའི་རྒྱལ་ཁབ་ཁག་ཅིག་མིང་འདོན་བྱས་ཡོད་པ་དེ་དག་གི་གྲས་སུ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་དང་། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་ཌི་ཨ་རེ་བི་ཡ་དང་སི་རི་ཡ། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཟི་བྷེ་ཀི་སི་ཐན་དང་བྷེ་ལོ་རུ་སི། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀུ་པ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་ལི་བི་ཡ་སོགས་རྒྱལ་ཁབ་༢༠་ཡས་མས་ཚུད་ཡོད་ཅིང་། སྙན་ཐོ་དེར་འཛམ་གླིང་གི་མི་འབོར་དུང་ཕྱུར་༡༦་ལ་སོ་སོར་དབང་སྒྱུར་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐད་ལ་སྐད་ཆ་བཤད་ཆོག་པའི་རང་དབང་མེད་པ་དང་། རྒྱལ་ཁབ་དེ་དག་གི་མི་མང་ལ་རང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྤྱི་ཚོགས་ཀྱི་ཐོབ་ཐང་། གཏམ་བཤད་དང་འདུ་འཛོམས་རང་དབང་མེད་པ་མ་ཟད། ཁོང་ཚོས་ཞི་བའི་སྒོ་ནས་གཞུང་གི་སྲིད་ཇུས་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་རུང་། གོང་འཁོད་རྒྱལ་ཁབ་དེ་དག་གིས་རང་གི་མི་མང་ལ་ཁྲིམས་གཅོད་དྲག་པོ་བྱས་ནས་བཙོན་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
XS
SM
MD
LG