ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མཆོག་ཀླུ་ཤོད་དུ་རང་སྲེག་ངོ་རྒོལ།


བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ། ཨ་མཆོག་སྨད་ཀྱི་ཀླུ་ཤོད་ཡུལ་ཚོའི་འབྲུག་པ་མཁར་ཞེས་པའི་བོད་མི་ན་གཞོན་ཞིག་གིས་ལོ་གསར་ཚེས་གསུམ་ཉིན་རང་ལུས་མེར་སྲེག་བཏང་སྟེ། ཁོང་གིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། ས་ཁུལ་དེའི་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་ཕྱིར་བསྒྲགས་བྱེད་མ་ཕོད་པར་སྔར་ལས་ལྷག་པའི་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་མོད། ཡིན་ནའང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚེས་གསུམ་ཉིན་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱིད་ནང་སྡེ་བར་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་དུས་ཚོད་དེ་ནི། ༡༩༡༣་ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ནས་མི་ལོ་ཧྲིལ་བོ་བརྒྱ་འཁོར་པའི་ཉིན་མོར་ཁེལ་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG