ངོ་འཕྲད་བདེ་བའི་དྲ་འབྲེལ།

ཚ་བ་མཛོ་སྒང་དུ་བོད་མིས་ངོ་རྒོལ་བྱས་པའི་རྐྱེན་གྱིས་མི་དྲུག་འཛིན་བཟུང་བས་ཡོད་པ།


ད་ལོའི་བོད་ཀྱི་ལོ་གསར་སྐབས་བོད་མདོ་ཁམས་ཚ་བ་མཛོ་སྒང་གི་སྨད་ཤུལ་ས་ཆའི་བོད་མི་ཚོས། སྨད་ཤུལ་ས་གནས་སྲིད་གཞུང་གི་སྒོའི་མདུན་དུ། ཆོས་དད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་པ་དང་། བོད་རང་བཙན་ཡིན་ཞེས་འཁོད་པའི་ཡི་གེ་སྦྱར་བ་བཅས་ལ་བརྟེན་ནས། བོད་མི་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། བོད་མི་དྲུག་གི་ནང་ནས། གཉིས་ལ་མེ་མདའ་ཕོག་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆར་བཙན་ཁྲིད་བྱས་ཡོད་པའི་བོད་མི་རྣམས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཡོང་གི་བྱུང་མེད་པ་དང་ས་གནས་དེར་དམ་དྲག་ཆེན་པོ་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG