ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྐྱོང་མཆོག་གིས་ཀེ་ནེ་ཏྲེའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ལ་བོད་དོན་སྙན་སེང་།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ རེས་གཟའ་མིག་དམར་ཉིན་ ཀེ་ནེ་ཏྲེའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་དོན་ཚོགས་ཆུང་ལ་ ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གནས་ཚུལ་ཞིབ་ཅིང་ཕྲ་བ་སྙན་སེང་གནང་སྟེ་ བོད་ཀྱི་གནད་དོན་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་དང་ ལྷག་པར་དུ་ད་ལྟ་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུར་་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མུ་མཐུད་དེ་ཡོང་བཞིན་པའི་ཛ་དྲག་གི་དཀའ་ངལ་འདི་སེལ་རྒྱུ་བཅས་ཀྱི་ཐད་ ཀེ་ནེ་ཏྲེའི་གྲོས་ཚོགས་དང་གཞུང་གི་རྒྱབ་སྐྱོར་མུ་མཐུད་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་འདུག་ཅེས་ཞུ་བསྐུལ་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG