ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་ལ་ངོ་རྒོལ་གནང་འདུག


རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བ།
རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བ།
ད་རིང་བོད་ཀྱི་ས་ཁུལ་ཨ་མདོ་རེབ་གོང་དུ་བོད་མི་ལོ་ན་༢༥་ཡིན་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག་པ་དང་། ཁོང་གིས་རེབ་གོང་རོང་བོའི་ས་དཀྱིལ་མགྲོན་ཁང་གི་སྲང་ལམ་ནས་རང་ལུས་ལ་མེ་སྤར་ཏེ་གསུང་ཤུགས་ཆེན་པོས་ཀི་སྒྲ་དང་བཅས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བརྒྱབས་རྗེས་མེར་བསྲེགས་ངོ་རྒོལ་གནང་སའི་ས་གནས་དེ་གར་འདས་གྲོངས་འགྱུར་འདུག་པ་དང་། གུས་ཞབས་ལྡན་པའི་ངང་སྐུ་ཕུང་ཞུགས་འབུལ་གནང་པ་མ་ཟད། ཁོང་གི་པཱ་ལགས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་བའི་ནང་ད་ལམ་ཁོང་གི་བུས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བ་ཞིག་ཡིན་པ་ལས་བཟའ་ཟླའི་བར་གྱི་རྙོག་ཕྲ་གཅིག་ཀྱང་མེད་པ་མ་ཟད། དཀའ་ངལ་མེད་པར་ཁྱིམ་ཚང་མཐུན་པོ་དང་འགྲིགས་པོ་ཡོད་ཅེས་གསུངས་འདུག རྡོ་རྗེ་ལྷུན་གྲུབ་ལགས་ལ་ཤུལ་ལུས་བཟའ་ཟླ་གཡང་མོ་མཚོ་དང་བུ་གཅིག་དང་བོུ་གཅིག་ཡོད་འདུག་ཅིང་། འདས་པོ་ཁོང་ནི་ལྷ་བྲིས་པ་ཞིག་ཡིན་པ་དང་། ནང་མའི་འཚོ་ཐབས་གཙོ་བོ་ཞིང་པ་ཡིན་པའི་འགྲེལ་བརྗོད་གནང་འདུག་པ་བཅས་ཀྱི་སྐོར་ཨ་མདོ་རེབ་གོང་ཁུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གནས་ཞིབ་འཇུག་པ་རྡོ་རྗེ་དབང་ཕྱུག་ལགས་སུ་རྣམ་རྒྱལ་ཤཱསྟྲི་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG