ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་གྲྭ་བ་ཞིག་གིས་སླར་ཡང་རང་སྲེག་ངོ་རྒོལ།


བློ་བཟང་བློ་འཛིན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་གྲྭ་བ།

བློ་བཟང་བློ་འཛིན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་གྲྭ་བ།

ཕྱི་ཟླ་༧་ཚེས་༡༧་ཉིན་རྔ་པ་བོད་རིགས་རང་སྐྱོང་ཁུལ། འབར་ཁམས་རྫོང་གི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བ་ཞིག་སྟེ། རང་ལོ་༡༨་ལ་སོན་པ་བློ་བཟང་བློ་འཛིན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་འདུག་པ་དང་། ཁོང་གི་ལུས་པོར་མེ་ལྕེ་ཤུགས་ཆེན་འབར་བཞིན་པའི་སྐབས་སུ་འབོད་ཚིག་མང་པོ་བསྒྲགས་ཀྱང་ཚིག་འབྲུ་ཅི་ཡིན་ཉེ་འཁོར་གྱི་གྲྭ་བ་ཚོས་གསལ་བོ་གོ་ཐོས་ཐུབ་མེད་ཀྱང་།

ད་རེས་ཀྱི་རང་སྲེག་ངོ་རྒོལ་འདི་རྒྱ་རོང་ཚོ་བདུན་ཀིརྟི་དགོན་པར་རང་ལུས་མེར་སྲེག་གི་ངོ་རྒོལ་བྱུང་བ་ཐེངས་གསུམ་པ་ཡིན་པ་དང་། ཁ་སྔོན་ཕྱི་ཟླ་༣་ཚེས་༣༠་ཉིན་ཡང་དགོན་པ་འདིའི་གྲྭ་བ་འཆི་མེད་དཔལ་ལྡན་དང་བསྟན་པ་དར་རྒྱས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་རྒྱ་གར་དྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
XS
SM
MD
LG