ངོ་འཕྲད་བདེ་བའི་དྲ་འབྲེལ།

རྔ་བར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསར་བ་ཐོན་པ།


བོད་མདོ་སྨད་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་ཕྱི་ཟླ་༢ཚེས་༣་ཉིན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཐོག་གི་སྤྱི་བདེ་ལས་ཁུངས་ཀྱི་ཐག་ཉེ་རུ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་པའི་ངང་རང་ལུས་མེར་བསྲེགས་བཐང་སྟེ་གྲོངས་ཡོད་པ་དང་། སྐུ་ཕུང་ཡང་ཉེན་རྟོག་པས་བཙན་འཕྲོགས་བྱས་ཏེ་ནང་མི་ལ་རུས་ཐལ་ཞིག་ལས་སྤྲད་མེད་པ་རེད། ཚེས་༣ཉིན་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ད་ལྟ་གཞི་ནས་ཕྱི་ལ་འབྱོར་བ་དང་། ཡང་རང་ལུས་མེར་བསྲེགས་གཏོང་མཁན་བློ་བཟང་རྣམ་རྒྱལ་གྱི་ནང་མིར་ད་ལྟ་ཉེན་རྟོག་པས་སུན་གཙེར་ཆེད་བཟོས་དང་བཀག་ཉར་སོགས་བྱེད་ཀྱིན་ཡོད་འདུག འདིའི་ཐད་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱས་ཡོད།
XS
SM
MD
LG