ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨམ་མདོ་རྔ་བའི་ནང་གྱ་སྟོན་དང་འབྲེལ་ནས་བོད་མི་མང་པོར་ཁྲིམས་བཅད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གི་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་འདི་ཟླའི་ཚེས་༦ཉིན་མོ་བོད་ཀྱི་མདོ་སྨད་རྔ་བའི་བོད་མི་བཅུ་ཙམ་ལ་ལོ་༥ནས་༡༤བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་ ཁོང་ཚོ་མང་ཆེ་བ་སྐུའི་གྱ་སྟོན་ལ་སྲུང་བརྩི་ཞུས་པ་དང་འབྲེལ་ཡོད་ཐོག་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད་ཁྲིམས་ཐག་ལྗི་པོ་བཅད་པའི་སྔ་རྗེས་ཀྱི་གནས་ཚུལ་སྐོར་ལ་བཞུགས་སྒར་རྡ་རམ་ས་ལ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

XS
SM
MD
LG