ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱིས་པ་ཟླ་བ་བཅུ་ཅན་ཞིག་ཨ་ཕས་རང་སྲེག་ངོ་རྒོལ།


ཕྱི་ལོ་༢༠༡༣་ཟླ་བ་༡་ཚེས་༢༢་ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ། འབོ་རའི་རྒྱ་ར་སྡེ་བའི་ན་གཞོན་རང་ལོ་༢༢་ལ་སོན་པ་དཀོན་མཆོག་སྐྱབས་སམ། གཅེས་མིང་ལ་དཀོན་བྷེ་ཟེར་པ་ཞིག་གིས་འབོ་ར་དགོན་པའི་ཆོས་རའི་ཉེ་འཁོར་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་་ངོ་རྒོལ་བྱས་ཡོད་ཅིང་། ལུས་པོ་མེར་འཚིག་པའི་སྐྱེན་གྱིས་དཀོན་མཆོག་སྐྱབས་འདས་གྲོངས་སུ་གྱུར་པ་ངེས་གཏན་བྱས་ཐུབ་ཀྱང་འདས་པོ་དེའི་ཕུང་པོ་རྒྱ་གཞུང་གི་ཉེན་རྟོག་པས་འཕྲོག་འཁྱེར་ནས་བཟའ་མི་ཚོར་རྩིས་བྱས་མེད་པ་དང་། རང་སྲེག་ངོ་རྒོལ་བ་དཀོན་མཆོག་སྐྱབས་ལ་ཤུལ་ལུས་བཟའ་མི་ཆུང་མ་དང་བྱིས་པ་ཟླ་བ་བཅུ་ལ་སོན་པ་ཞིག ད་དུང་ ཨ་མ་དང་སྲིང་མོ་བཅས་ཡོད་པ་པ་དང་འཚོ་བརྟེན་ཞིང་ལས་ཡིན་འདུག དེ་རིང་གི་རང་སྲེག་ངོ་རྒོལ་བྱུང་བའི་རྗེས་སུ་བསང་ཆུ་རྫོང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་ཁ་སྣོན་བཏང་ནས་འབོ་ས་ཁུལ་ཡོངས་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༢་ནས་ད་ལྟ་བར་དུ་འབོ་ར་ས་ཁུལ་གཅིག་པུ་ནས་བོད་པ་བཞིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་ཞེས་སྐད་འབོད་བྱས་ནས་འདས་གྲོངས་སུ་གྱུར་པ་རེད།།

XS
SM
MD
LG